འབྲུག་ཆུ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་དབུ་བརྙེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-13


        སྤྱི་ཟླ་1པོའི་ཚེས་9ཉིན། འབྲུག་ཆུ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་དང་ཚོགས་མིའི་ཚོགས་འདུ་སྐབས་དང་པོ་འཚོགས། ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་འཛུགས་ཧྲུའུ་ཅི་དང་ཀྲུའུ་ཞི་ཀྲའོ་ལིང་ཧུང་ཚོགས་འདུ་ལ་ཞུགས་ནས་གཏམ་བཤད་བྱས་པ་མ་ཟད། འབྲུག་ཆུ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་སྒོ་བྱང་བཀལ། དེ་ནས་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་སྒྲིག་ཡིག་དང་འདེམས་བསྐོས་བྱེད་སྟངས། ནོར་དོན་ལམ་ལུགས་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ད་དུང་འབྲུག་ཆུ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་སོགས་འདེམས་བསྐོས་བྱས་པ་དང་། བོད་ཀྱི་ཡིག་གཟུགས་མཁས་ཅན་ཞུའེ་རེན་ཧྲེང་འབྲུག་ཆུ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རུ་འདེམས་བསྐོས་བྱས།

        ཚོགས་འདུ་མཇུག་སྒྲིལ་རྗེས། ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཁས་ཅན་གྱིས་ཡུལ་དངོས་སུ་ཡིག་གཟུགས་བྲིས་པ་མ་ཟད། རྣམ་པ་ཕུན་སུམ་ཚོགས་པའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་40ལྷག་འགྲེམ་སྟོན་བྱས།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1