བདེ་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 01-21




    ད་ལོ་ནས་བཟུང་། བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྐྱེ་ཁམས་དམར་ཐིག་ནན་སྲུང་དང་། རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱས་ཡོད།

    གཅིག་ནས་སྐྱེ་ཁམས་ཀྱི་དམར་ཐིག་ནན་སྲུང་དང་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དོན་འཁྱོལ་ནན་པོ་དང་། “ཐིག་གསུམ་གཅིག་”གི་གྲུབ་འབྲས་ཁྱབ་བསྒྲགས་དང་བཀོལ་སྤྱོད་ལེགས་སྒྲུབ་བྱས་ཏེ། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བྱེད་པར་སྐུལ་འདེད་དང་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། སྲུང་སྐྱོང་ཁུལ་གྱི་མ་ལག་སྔར་བས་ལེགས་སུ་དང་བསྡུ་སྒྲིལ་བྱས་ཏེ་བརླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་བརླན་སའི་སྤྱི་གླིང་གི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ཡག་པོ་བྱས་ནས་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་མཚམས་གཏན་འཁེལ་གྱི་ལས་དོན་ལེགས་སྒྲུབ་བྱས་པ། མ་འོངས་པར་དམིགས་སའི་རང་བཞིན་གྱི་འགོག་བཅོས་ལས་དོན་སྤེལ་རྒྱུ་མ་ཟད། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་དང་། དཔྱད་དཔོག་མ་ལག གནོད་ཡོད་སྐྱེ་དངོས་ལྟ་སྐུལ་ཚོད་འཛིན་དྲ་བ་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཉེན་ཁའི་དཔྱད་དཔོག་དང་ཉེན་ཟོན་ཉེན་བརྡའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ལྟ་སྡོམ་ཁྲིམས་བསྟར་ཐད་ཀར་དོ་དམ་བསྒྱུར་བཅོས། སྐྱེ་ཁམས་གནོད་འཚེའི་སྐྱིན་ཚབ་འཇལ་ལམ་བསྒྱུར་བཅོས། བཙོག་འབུད་ཆོག་འཐུས་ལམ་ལུགས་སྒྱུར་བཅོས་སོགས་མཚོན་བྱེད་དུ་བྱས་པའི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། བསྒྱུར་བཅོས་བྱེད་ཐབས་ཁག་གི་སྤྱི་ཡོངས་ཀྱི་ཕན་འབྲས་རིམ་བཞིན་ཐོན་བཞིན་ཡོད། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ཆེད་དོན་ལྟ་ཞིབ་སྤེལ་ཡོད།

    གཉིས་ནི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་སྐུལ་འདེད་བཏང་བ། ད་ལོ་ནས་བཟུང་། བདེ་ཆེན་ཁུལ་གྱིས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་སྒྲིག་འཛུགས་བྱས་ནས《བདེ་ཆེན་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་གཏོད་པའི་ལས་དོན་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། བདེ་ཆེན་ཁུལ་གྱི་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། རྣམ་གྲངས་ཀྱི་སྔོན་རྩིས་ཇུས་གཞི་སྒྲིག་བཟོ་བྱས་ནས་ཁུལ་རིམ་པའི་ནོར་སྲིད་གསར་འཛུགས་ལས་ཀའི་སྔོན་རྩིས་འགན་སྲུང་སྒོར་ཁྲི300བརྩོན་ལེན་བྱས་པ་རེད། འགྲན་རྩོད་རང་བཞིན་གྱི་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་གསུམ་པའི་ལག་རྩལ་རྒྱབ་སྐྱོར་ཚན་པས་རང་ཁུལ་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཁག་སྤེལ་རྒྱུར་གཞོགས་འདེགས་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ལག་རྩལ་ཚན་པས་ལག་རྩལ་ཚོགས་ཆུང་མངགས་གཏོང་བྱས་ནས་རིམ་རྩིས་བྱས་ན་དཔྱད་ཡིག་ཁག་ཐེངས3འཚོལ་བསྡུ་བྱས་པ་དང་།《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་འཆར་འགོད(2021ལོ་ནས་2030ལོ་བར)》བཟོས་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གྱི་འཆར་འགོད(2021ལོ་ནས་2030ལོའི་བར)》བཟོས་པ་དང་འབྲེལ་ཞིབ་བཤེར་བྱས་པ་བརྒྱུད་འཇོལ་རྫོང་དང་མཉམ་དུ“ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་རྫོང(གྲོང་ཁྱེར)”གྱི་རེ་ཞུའི་ཡིག་ཆ་ཕུལ་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1