དཀར་མཛེས་ཁུལ་གྱི་དགོན་སྡེ་དང་གྲྭ་བཙུན་དཔེ་བཟང་འགའ་ལ་གཟེངས་བསྟོད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-27



      སྤྱི་ཟླ་དང་པོའི་ཚེས25ཉིན། དཀར་མཛེས་ཁུལ་གྱི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེར་མིང་བཏགས་སྒོ་བྱང་སྤྲོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་དར་མདོར་འཚོགས།

རང་ཁུལ་གྱི་དགོན་སྡེ་དང་གྲྭ་བཙུན་དཔེ་བཟང་འགའ་ལ་གཟེངས་བསྟོད་གནང་།

         རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་དང་ཞིང་ཨུའི་མི་རིགས་ལས་དོན་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྔོན་ཐོན་ལ་བསྔགས་བརྗོད་བྱེད་ཅིང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཡོད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་བཅས་ཚོགས་འདུར་ཞུགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སངས་དགའ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།

རང་ཁུལ་གྱི་དགོན་སྡེ་དང་གྲྭ་བཙུན་དཔེ་བཟང་འགའ་ལ་གཟེངས་བསྟོད་གནང་།

        ཚོགས་འདུའི་ཐོག་ཧྲི་ཀང་གིས་ཁུལ་རིམ་པའི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེ76དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན813ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་གནང་བ་རེད།

        ཁུལ་གྱི་འགོ་ཁྲིད་ཧོ་པིའོ་དང་། སྐལ་བཟང་གཡུང་དྲུང་། ཞའོ་ཀྲི་ཧུང་། ཡན་ལེ། ཧོང་ཅིན། ཧོ་ཝུན་ཚའེ། ལིའུ་ཙུང་ཅན། ལུའོ་ལིན་བཅས་ཚོགས་འདུར་ཞུགས་པ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་དང་། རྫོང(གྲོང་ཁྱེར)ཨུའི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་། ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། གཟེངས་བསྟོད་ཐོབ་པའི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་གྱི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1