མཚོ་སྔོན་དུ་ཧ་ཅང་མཐོང་དཀོན་པའི་བྲག་རྡོ་འདི་འདྲ་ཞིག་རྙེད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-29




ཏ་ཀི་ལུ་ས་ཁུལ་གྱི་བུལ་གཤིས་བྲག་རྡོའི་འདུས་གཟུགས་ཀྱི་ཕྱིའི་ཁྱད་ཆོས་མཚོན་པའི་བཅད་པར།
         ཚེས27ཉིན་གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ཁང་གིས་ཁུ་ནུ་ཤར་རྒྱུད་ཀྱི་ཏ་ཀི་ལུ་ས་ཁུལ་དུ་ཧ་ཅང་མཐོང་དཀོན་པའི་རྫས་འགྱུར་གཞི་རྒྱུའི་གཏེར་འགྱུར་བུལ་གཤིས་བྲག་རྡོའི་འདུས་གཟུགས་ཐོག་མར་རྙེད་པ་རེད། ཆེད་མཁས་པས་གསར་རྙེད་དེས་མཚོ་བོད་མཐོ་སྒང་གི་ཧ་ཅང་མཐོང་དཀོན་པའི་རྫས་འགྱུར་གཞི་རྒྱུའི་གཏེར་ཁ་འཚོལ་བའི་བར་མཐོངས་རྒྱ་ཆེར་བསྐྱེད་དེ། སྤུས་ལེགས་ལ་ཧ་ཅང་མཐོང་དཀོན་པའི་རྫས་འགྱུར་གཞི་རྒྱུའི་གཏེར་ཁ་གསར་རྙེད་དང་བློ་བསྐྱེད་ཆེན་པོ་འབྱུང་ཐུབ་པ་མ་ཟད། གཏེར་ཁ་འཚོལ་བ་དང་འཐབ་ཇུས་ཀྱི་ཕྱོགས་ནས་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
         རྒྱུས་ལོན་བྱུང་བ་ལྟར་ན། གོང་སྨྲས་ཀྱི་གྲུབ་འབྲས་དེ་དག་དྲ་ཐོག་ཏུ་ཀྲུང་གོ་ཚན་རིག་ཁང་ཀོང་ཀྲོའུ་སའི་གོ་ལའི་རྫས་འགྱུར་ཞིབ་འཇུག་སུའོ་ཡིས་གཙོ་གཉེར་བྱས་པའི《ས་གཞི་ཆེན་པོའི་གྲུབ་ཆ་དང་གཏེར་གྲུབ་རིག་པ》ཞེས་པའི་ནང་བཀོད་ཡོད།
     གོང་དུ་སྤེལ་བའི་རྩོམ་ཡིག་ནང་མཚམས་སྦྱོར་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ཁང་གིས་ཁུ་ནུ་ཤར་མའི་དབུས་རྒྱུད་ཀྱི་ཏ་ཀི་ལུ་ས་ཁུལ་དུNbདང་། Ta Pདང་REEབཅས་ཀྱི་གཏེར་འགྱུར་བུལ་གཤིས་བྲག་རྡོའི་འདུས་གཟུགས་ཐོག་མར་རྙེད་པ་དང་། གཏེར་ཁར་རྩད་ཞིབ་རགས་ཙམ་བྱས་པརNbདངPགཏེར་འགྱུར་གཟུགས་གཅིག་ཡིན་པ་གཏན་འཁེལ་བྱས། TaདངREEནི་རྫས་འགྱུར་གཞི་རྒྱུའི་གཏེར་འགྱུར་དང་འདྲེས་ཡོད་པས་གཏེར་གྲུབ་ཀྱི་མི་མངོན་པའི་ནུས་ཤུགས་ཆེན་པོ་མངོན་ཡོད།
         གོང་གསལ་རྩོམ་ཡིག་ནང་ད་ཐེངས་ཀྱི་གསར་རྙེད་ནི་མཚོ་བོད་མཐོ་སྒང་གི་བྱང་རྒྱུད་ཀྱི་བྲག་རྡོའི་རིགས་ཀྱིLi-Beགཏེར་ཁ་ཕུད། ཧ་ཅང་མཐོང་དཀོན་པའི་རྫས་འགྱུར་གཞི་རྒྱུའི་གཏེར་ཁ་འཚོལ་བའི་ཁ་ཕྱོགས་གསར་པ་ཞིག་ཀྱང་རེད། གཏེར་ཁ་རྩད་ཞིབ་ལས་དོན་སྔར་བས་སྤེལ་བ་དང་ཆབས་ཅིག་སྤུས་ལེགས་ལ་ཧ་ཅང་མཐོང་དཀོན་པའི་རྫས་འགྱུར་གཞི་རྒྱུའི་གཏེར་ཁའི་ཐོན་ཁུངས་རྟེན་གཞི་གསར་པ་ཞིག་ཏུ་འགྱུར་རེ་ཡོད་ཅེས་བཀོད་ཡོད།
         གོང་གསལ་རྩོམ་ཡིག་ནང་ཆེད་མཁས་པས་ཏ་ཀི་ལུ་ས་ཁུལ་གྱི་བུལ་གཤིས་བྲག་རྡོའི་འདུས་གཟུགས་ཀྱི་བྲག་རྡོ་སྡེབ་སྒྲིག་དང་། བྲག་རྡོ་རིག་པའི་ཁྱད་ཆོས་དང་དེ་བཞིན་གཏེར་འདུས་རང་བཞིན་བཅས་ལ་རྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་བྱས་པ་མ་ཟད། ཀྲུང་གོའི་རྒྱལ་ནང་གི་བུལ་གཤིས་དཔེ་མཚོན་ཅན་གྱི་བྲག་རྡོའི་རིགས་དང་འབྲེལ་བ་ཡོད་ལ་ཧ་ཅང་མཐོང་དཀོན་པའི་རྫས་འགྱུར་གཞི་རྒྱུའི་གཏེར་ཁ་དང་ཞིབ་བསྡུར་དབྱེ་ཞིབ་བྱས་པས། ཞིབ་འཇུག་དེ་དག་གིས་ཁུ་ནུ་ཤར་རྒྱུད་ས་ཁུལ་གྱི་བུལ་གཤིས་རྡོ་ལ་སྔར་བས་ངོས་འཛིན་བྱ་རྒྱུར་ཕན་ཐོགས་ཡོད་དམ། ཐན་སྐྱུར་བྲག་དབྱིབས་ཀྱི་ཧ་ཅང་མཐོང་དཀོན་པའི་རྫས་འགྱུར་གཞི་རྒྱུའི་གཏེར་ཁ་གཞི་རྩའི་ཁྱད་ཆོས་ཀྱིས་ཧ་ཅང་མཐོང་དཀོན་པའི་རྫས་འགྱུར་གཞི་རྒྱུ་ཡི་རྒྱུན་ལྡན་མིན་པའི་ཚོགས་འཛོམས་ཆོས་ཉིད་གསལ་སྟོན་བྱས་པ་མ་ཟད། འཐབ་ཇུས་རང་བཞིན་གྱི་གཏེར་ཁ་འཚོལ་ཞིབ་བྱ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཀོད་འདུག
        རྒྱུས་ལོན་བྱུང་བ་ལྟར་ན། གོང་དུ་བརྗོད་པའི་ཞིབ་འཇུག་ལ་མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ཅུས་ཀྱི་རྣམ་གྲངས་དང་། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རྣམ་གྲངས་ཐེངས་གཉིས་པ། མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་ཁ་རྩད་ཞིབ་གསར་སྤེལ་ཅུས་ཀྱི་རྣམ་གྲངས་བཅས་ཀྱི་མཉམ་འབྲེལ་རོགས་སྐྱོར་ཐོབ་ཅིང་། ལས་དོན་འདི་དག་མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ཁང་གི་ལི་ཝུའུ་ཧྥུ་དང་། ཝང་ཐའོ། ཝང་པིང་ཀྲང་སོགས་ཀྱི་ཆེད་མཁས་པས་བསྒྲུབས་པ་ཞིག་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1