ལའོ་སན་ཇི་ལི་སིར་འབྲུག་བྲོ་འཁྲབ་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


          ཉེ་ཆར། ཨ་རིའི་ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་ལའོ་སན་ཇི་ལི་སི་གྲོང་ཁྱེར་གྱི་ཀྲུང་གོའི་གྲོང་དུ་ལོ་གཅིག་དུས་གཅིག་གི་གསེར་འབྲུག་འཁྲབ་སྟོན་གྱི་ཁྲོམ་སྐོར་མཛད་སྒོ་སྤེལ་ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་ཆིག་ཁྲི་ཙམ་ལྟད་མོ་བལྟ་བར་ཕེབས་ཡོད།  རྔམ་བརྗིད་ལྡན་པའི་ལའོ་སན་ཇི་ལི་སིའི་ཉེན་རྟོགས་ཅུས་ཀྱི་འཕྲུལ་རྟ་རུ་ཁག་གིས་བྷལ་ལའོ་ཧུ་ཁྲོམ་ལམ་བྱང་མ་བརྒྱུད་གྲལ་འགྲིག་པོས་བསྐྱོད་དེ། ལོ་འདིའི་གསེར་འབྲུག་གི་ཁྲོམ་སྐོར་ཆེན་མོའི་འགོ་ཚུགས་ཡོད། དེའི་རྗེས། ལའོ་སན་ཇི་ལི་སིའི་སེང་འབྲུག་བྲོ་གར་ཚོགས་པ་ཁྲོམ་ལམ་དུ་བསྐྱོད་དེ་འབྲུག་བྲོ་དང་སེང་བྲོ་འཁྲབ་སྟེ་གྲོང་ཁྱེར་ཧྲིལ་བོར་བཀྲ་ཤིས་རྟེན་འབྲེལ་གྱི་རྣམ་པས་ཁེངས་པར་བྱས། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1