༄༅།།རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།

ཡེ་མགོན་དང་ཡེ་ཤེས་ཀྱིས་བསྒྱུར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-30




རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།

 རྫ་སྨུག་མཁར་ནི་མཚོ་འཕགས་སྨི7556ཡོད་པའི་སི་ཁྲོན་གྱི་རིའི་རྒྱལ་པོ་ཞེས་མཚན་སྙན་ཡོད་པའི་གངས་དཀར་རི་བོའི་མཛེས་ལྗོངས་ལ་ལྟད་མོ་ལྟ་ས་ཡིན་ཞིང་། མི་ཉག་འབོ་ཡུལ་གངས་དཀར་རི་བོའི་མཛེས་ལྗོངས་དང་མི་ཉག་བཞག་བྲ་གངས་རིའི་མཛེས་ལྗོངས་ལ་གཅིག་ཅར་དུ་ལྟད་མོ་བ་ཚོའི་མིག་ལམ་དུ་དྲངས་ཆོག་ཆོག་ཡིན་པ་རེད། 

རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།

གུར་གུམ་སྟེང་ནི་མེ་ཏོག་པད་མའི་གདན་སྟེང་དུ་ཆགས་པའི་དཔལ་ལ་འགྲན། འདིར་དུས་ཚིགས་རེར་མཛེས་ལྗོངས་མི་འདྲ་བ་རེ་རང་བཞིན་ལྷུན་གྱིས་འགྲུབ།དབྱར་དང་སྟོན་གྱི་དུས་ཚིགས་སུ་ཤིང་སྟག་པའི་ལོ་མ་སྔོན་པོ་གཡུ་ཡི་ཚོན་མདོག་ནས་སེར་པོ་མར་མེ་མདོག་ཏུ་གྱུར་པར་བརྟེན། རི་ངོས་ཡོངས་སུ་ཤིང་སྟག་པ་ལོ་མའི་ཚོན་མདོག་དང་སྔོན་པོ་གཡུ་མདོག་གིས་བརྒྱན་པའི་གསོམ་ཤིང་ནགས་མཉམ་འདྲེས་བྱས་ཏེ་མཛེས་སྡུག་དཔལ་གྱིས་ཕྱུག་པའི་མཛེས་ལྗོངས་སུ་གྱུར། 

རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
རྫ་སྨུག་མཁར་གྱི་ཕྱོགས་སུ་གནས་པའི་ཕག་མོ་རིའི་མཛེས་ལྗོངས་རྟེན་གཞི་ལ་བདེ་བ་ཅན་གྱི་ཞིང་ཁམས་ཞེས་མཚན་སྙན་ཡོད་ཅིང་།སི་ཁྲོན་གྱི་དེ་མ་སྲེག་འདབ་ཆགས་འཚོ་གནས་བྱ་ཡུལ་ཆེས་ཡག་ཤོས་ཡིན་པ་རེད་ཅེས་བཤད་སྲོལ་འདུག །

རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།

 གྲོང་གསུམ་རྩྭ་ཐང་ལ་པར་ལེན་བྱེད་བཟོ་དོད་མཁན་གྱི་ཞིང་ཁམས་ཞེས་མཚན་སྙན་ཡོད་ཅིང་། རི་ཕྲེང་གིས་བསྐོར་བའི་རྩྭ་ཐང་། གཡའ་དག་པའི་ཨ་སྔོན་དབྱིངས་ཀྱི་སྤྲིན་དཀང་ཕུང་པོ།ནོར་རྒྱན་གནག་ཕྱུག་དང་གཡང་དཀར་ལུག་གི་ཁྱུ་ཚོགས། ལྷུང་སྒྲ་སྙན་པའི་ཆུ་ཕྲན། ཚོན་སྣ་ལྔ་ལྡན་གྱི་མེ་ཏོག ཁྱུ་དང་ཁྱུ་བྱས་པའི་སྒོ་ཕྱུགས་དང་གནའ་ཉམས་ཀྱིས་ཕྱུག་པའི་གཞིས་མིའི་སྡོད་ཁང་ནི་མཛེས་རྩལ་མཁན་པོའི་སོན་རྩེ་ནས་ཐོན་པའི་མཛེས་རིས་བཞིན་མི་ཚོའི་མིག་ལམ་དུ་མངོན་བཞིན་མཆིས།

རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།

     རྫ་སྨུག་མཁར་ནི་ཉག་ཆུ་རྫོང་གྲོང་གསུམ་ཡུལ་ཤོག་གི་མངའ་ཁོངས་སུ་ཡོད་ཅིང་། རི་ངོས་ཡོངས་སུ་རྡོ་ནག་པོའི་རྫ་རི་ཡིན་པས་ན་དེ་ལྟར་བརྗོད། ངག་རྒྱུན་དུ་བཤད་སྲོལ་ལ་ལོ300ཡི་སྔོན་དུ་རི་དེ་ནི་སྡེ་ཚོའི་བར་གཡུལ་འགྱེད་བྱེད་སའི་བཙན་རྫོང་ཡིན་ཞིང་།ད་ལྟ་གྱང་རོ་མ་གཏོགས་མཐོང་རྒྱུ་མི་འདུག རྫ་སྨུག་མཁར་འདི་ཉིད་ཤར་སྨད་གངས་དཀར་རི་བོ་དང་དྲང་ཐིག་སྤྱི་ལེ68རྒྱང་བའི་ནུབ་བྱང་རྒྱུད་དུ་ཡོད་པར་བརྟེན། གངས་དཀར་རི་བོའི༼ ནུབ་ཁའི་ཉི་འོད༽ ཀྱི་མཛེས་ལྗོངས་ལ་ལྟད་མོ་ལྟ་ས་ཆེས་ཡག་ཤོས་ཤིག་ཡིན་པ་རེད། རྫ་སྨུག་མཁར་གྱི་ཤར་བྱང་རྒྱུད་ཀྱི་མི་ཉག་བཞག་བྲ་གངས་རིའི་རྩེ་མོ་དང་དྲང་ཐིག་ཧ་ལམ་སྤྱི་ལེ51རྒྱང་བ་རེད།


རྩོམ་ཡིག་རྗེས་མ།
༄༅།།མདོ་ཤོད་དར་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1