བོད་ལྗོངས་ཀྱི་རྫོང་3ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 02-09



             2021ལོའི་རྒྱལ་ཡོངས་ཀྱི་གྲོང་ཚོ་བཀོད་གཙང་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་ཞིང་ལས་གྲོང་གསེབ་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་བརྡ་ཐོ།
             ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་ཞིང་ལས་གྲོང་གསེབ(ཞིང་འབྲོག)ཐིང་དང(ཅུས། ཨུ་ལྷན)གྲོང་གསེབ་དར་རྒྱས་ཅུས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཞིང་ལས་གྲོང་གསེབ་ཅུས་དང་གྲོང་གསེབ་དར་རྒྱས་ཅུས་ལ།
             གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཆེད། 2018ལོའི་ཟླ་12པར། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་། ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཁག་18ཀྱིས་མཉམ་དུ《གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་གྲོང་ཚོ་བཀོད་གཙང་བྱ་སྤྱོད་ཇུས་གཞི》བཀྲམ་པ་དང་། ཞིང་པ་མང་ཚོགས་གཙོ་གནད་ཐོག་སྐུལ་སློང་བྱས་ནས“གཙང་སེལ་གསུམ་དང་འགྱུར་ལྡོག་གཅིག”(གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ། གྲོང་ཚོའི་ནང་གི་ཆུ་རྫིང་གཙང་སེལ། སྒོ་ཕྱུགས་ཀྱི་ལྕི་བ་དང་བྱ་རིགས་ཀྱི་བྲུན་སོགས་ཞིང་ལས་ཐོན་སྐྱེད་ཀྱི་སྙིགས་རོ་གཙང་སེལ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གོམས་གཤིས་ངན་པར་འགྱུར་ལྡོག)ཡོང་བ་བྱས་ཏེ། གྲོང་ཚོའི་ཁོར་ཡུག་བཙོག་ཟིང་ཞན་གསུམ་གྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་པ་རེད། 
             དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། གྲོང་ཚོ་བཀོད་གཙང་གི་བྱ་སྤྱོད་སྤེལ་བ་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་འཕེལ་བར་བྱེད་ཆེད《གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་གྲོང་ཚོ་བཀོད་གཙང་བྱ་སྤྱོད་ཇུས་གཞི》གཞིར་བཟུང་། ད་ལྟ་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་སོགས་བྱེད་ཐབས་ནུས་ལྡན་དང་། ཕན་འབྲས་མངོན་གསལ་དོད་པ། མང་ཚོགས་བློ་ཡིད་ཚིམ་པའི་གྲོང་ཚོ་བཀོད་གཙང་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་98ལ་གཟེངས་བསྟོད་བྱས་ཡོད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་རྫོང་གིས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ནས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་རིང་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།  
ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ནས།
2022ལོའི་ཟླ་དང་པོའི་ཚེས་26ཉིན། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1