ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་ཁྲི་ཐོག་གཉིས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-10



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་ཁྲི་ཐོག་གཉིས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་ཁོང་ཁྲིར་འཁོད་དེ་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས། རྒྱལ་མོ་དབྱི་ལི་ཧྲ་པའེ་ཁྲི་ཐོག་གཉིས་པས་ཀྲུང་དབྱིན་དབར་གྱི་མཛའ་གྲོགས་ལ་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཡོད། ཁྱེད་ནི་ཀྲུང་དབྱིན་དབར་གྱི་འབྲེལ་བའི་འཕེལ་རྒྱས་དངོས་སུ་བརྒྱུད་མྱོང་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་རེད། འདི་ལོ་ཀྲུང་དབྱིན་དབར་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་ཏག་ཏག་འཁེལ་བས། ཕྱོགས་གཉིས་པོས་གོ་སྐབས་དེ་དང་བསྟུན་ནས་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཐུན་སྒྲིལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1