2021ལོར་བོད་ལྗོངས་ཀྱིས་ཞིང་འབྲོག་པ་ཁྲི་69.33ལས་ཞུགས་གཞན་སྒྱུར་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམས་ཉིན་རེའི་ཚགས་པར། སྤེལ་དུས། 02-14



          2021ལོར་བོད་ལྗོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99.03%ཟིན་པ་དང་། ཞིང་འབྲོག་པ་ཁྲི་69.33ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་58.1ཟིན་ཏེ་ཚང་མ་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5.21ལས་ཞུགས་གསར་པ་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་མེད་པའི་ཁྱིམ་ཚང་4010སྒུལ་རྣམ་ངང་སེལ་བ། ལྗོངས་ཡོངས་ཀྱི་ལས་ཞུགས་ཀྱི་གཞི་གདན་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་མི་སྤྱིའི་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་མཐའ་འཁྱོངས་ཞུ་རིང་འགན་འཁྲི་འཁུར་ཕོད་པར་བྱས་ཡོད། ལས་ཞུགས་རྣམ་པ་བརྟན་པོའི་ཁྲོད་དུ་འགན་འཁྲི་ལྕི་པོ་ཁུར་ཡོད། བོད་ལྗོངས་སུ་ལོ་འཁོར་མོར་རིམ་རྩིས་ལྟར་ན་སྤྱི་ཚོགས་འགན་བཅོལ་དངུལ་སྒོར་དུང་ཕྱུར་1.7དམའ་རུ་ཕྱིན་པ་དང་། ལས་ཤོར་འགན་བཅོལ་དངུལ་དང་། ལས་ཤོར་ཁ་གསབ་དངུལ། རྩལ་ནུས་མཐོར་གཏོང་གི་ཁ་གསབ་དངུལ་བཅས་སྒོར་ཁྲི་2264སྤྲད་པ། ཁེ་ལས་231ལ་ལས་གནས་བརྟན་པོའི་ཕྱིར་སློག་མ་དངུལ་སྒོར་ཁྲི་1432སྤྲད་པ། ལས་ཞུགས་ཀྱི་ལས་གནས་ཁྲི་4ཙམ་བརྟན་པོ་ཡོང་བ་བཅས་བྱས་ནས་ལྗོངས་ཡོངས་སུ་གཞི་ཁྱོན་ཆེ་བའི་ལས་ཤོར་གྱི་ཉེན་ཁ་མི་ཐོན་པར་བྱས་པ་རེད། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་རིང་འགན་འཁྲི་ལྕི་པོ་འཁུར་ཕོད་པར་བྱས་ཏེ། དབུལ་སྒྲོལ་མི་འབོར་དང་། མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བ་དང་དབུལ་ལོག་མི་འབོར། ཡུལ་གཞན་དུ་གནས་སྤོས་མི་འབོར་བཅས་མི་ཁྲི་20.58ཕྱིར་ལས་མི་བྱེད་པར་བསྐྱོད་དེ་ལས་ཞུགས་བརྟན་པོ་དང་འབབ་འཕར་བརྟན་པོ་བྱུང་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་དངུལ་སྐྱེལ་མི་ཐུབ་པའི་ཚོགས་སྤྱི་ཁྲི་28ཀྱིས་སྲིད་གཞུང་གིས་ཚབ་སྐྱེལ་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱད་པ། མི་སྤྱིའི་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་ནས་མི་སྤྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།
          གཞན་ཡང་བོད་ལྗོངས་ཀྱི་མི་སྤྱི་སྡེ་ཚན་གྱིས་ད་དུང་དམངས་འཚོ་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་སེམས་དྲོ་བར་བྱས་པ་དང་དམངས་སེམས་གཅིག་ཏུ་བསྡུས་ཡོད། མིག་སྔར་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་ལེན་དམངས་ཡོངས་ལ་ཁྱབ་ནས་མི་ཐེངས་ཁྲི་306.4སྤྱི་ཚོགས་འགན་བཅོལ་ལ་ཞུགས་པ་དང་ཞིང་འབྲོག་ལས་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྟབས་བསྟུན་ལས་ཞུགས་མི་སྣ་སོགས་ཚོགས་སྤྱི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་པར་སྐུལ་མ་ནུས་ལྡན་ཐེབས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ལོ་8བསྟུད་མར་སྤར་བ་དང་། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་ལོ་17བསྟུད་མར་སྤར་བ། ལས་ཀར་ཞུགས་ཅུང་སྔ་བའི་རྒན་ཡོན་ཞུས་པའི་བཟོ་པར་དམིགས་བསལ་གྱི་འཚོ་བའི་ཁ་གསབ་ཁྱོན་སྒོར་ཁྲི་522སྤྲད་པར་རྒན་ཡོལ་ཞུས་པའི་བཟོ་པ་2100ལྷག་ཙམ་ལ་ཕན་པ་ཐོབ་པ། སྤྱི་ཚོགས་འགན་བཅོལ་གཱ་རྒྱལ་ཡོངས་ཀྱི་སྔོན་དུ་ས་ཁོངས་ཀྱི་ཐེམ་ཐོ་ཡོད་པའི་མི་འབོར་ལ་ཁྱོན་ཡོངས་ནས་ཁྱབ་པ། ངལ་ནུས་ཁྲི་12ཀྱིས་ཁ་གསབ་རང་བཞིན་གྱི་ལས་བཟོའི་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་ལོངས་སུ་སྤྱད་པ། ཞིང་འབྲོག་པ་ཁྲི་56ལ་གླ་ཕོགས་དངུལ་ཁང་ནས་ཚབ་སྤྲོད་ཐུབ་ནས་གླ་ཕོགས་སྒོར་དུང་ཕྱུར་108ཚབ་སྤྲོད་བྱས་པས་ཞིང་པ་ལས་མིས་དཀའ་ལས་བརྒྱབ་པའི་དངུལ་བློས་འགེལ་ཆོག་པའི་འགན་ལེན་ཐུབ་པ། “དམངས་ཉེ་འདུམ་གཅོད”ཀྱི་སྤུས་རྟགས་བཏོད་དེ་ངལ་རྩོལ་བའི་རྩོད་གཞིའི་གྱོད་གཞི་1247ཁྲིམས་ལྟར་ཐག་གཅོད་ནུས་ལྡན་བྱས་པ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1