《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-17




ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཞི་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
        གསུང་རྩོམ་ནང་ནན་བཤད་བྱས་དོན། ཁྲིམས་སྐྱོང་དར་ཞིང་རྒྱས་ན་མི་རིགས་དར་ཞིང་རྒྱས། ཁྲིམས་སྐྱོང་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། མིག་སྔར། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པ་དང་། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད་པ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་བཅས་ཡོད་པས། ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པར་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཏེ་མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
        གསུང་རྩོམ་ནང་བསྟན་དོན། ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པའི་ངོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་སྐྱོད་པ། ཆབ་སྲིད་དང་ཁྲིམས་སྐྱོང་དང་། སྒྱུར་བཅོས་དང་ཁྲིམས་སྐྱོང་། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་རྒྱལ་ཁབ་ཚུལ་བཞིན་སྐྱོང་བ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་སོགས་ཀྱི་གནད་དོན་གལ་ཆེན་ཐད་རིག་པ་ཧ་ཅང་དྭངས་གསལ་དང་ལངས་ཕྱོགས་ཧ་ཅང་བརྟན་པོ་དགོས། ང་ཚོས་འཛུགས་སྐྱོང་བྱེད་དགོས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དེ་ཉིད་ངེས་པར་དུ་ཀྲུང་གོའི་རིག་གནས་ལ་གཞི་ཚུགས་པ་དང་། ཀྲུང་གོའི་རྒྱལ་བབ་ལ་གཞི་ཚུགས་པ། ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཁྲིམས་སྐྱོང་མ་ལག་ཅིག་ཡིན་དགོས་པ་ལས་ནུབ་ཕྱོགས་ཀྱི་ནོར་འཁྲུལ་བསམ་བློའི་རླབས་རྒྱུན་གྱིས་ཁྲིད་ནོར་ཤོར་མི་རུང་།
        གསུང་རྩོམ་ནང་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བྱེད་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་གོམ་སྟབས་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་ལ་དགོས་མཁོ་ཆེ་བ་དང་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྐོང་བར་ངེས་པར་དུ་མཁོ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་དགོས། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོན་པའི་ཆབ་སྲིད་ཀྱི་འགན་ལེན་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
        གསུང་རྩོམ་ནང་བསྟན་དོན། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། མི་དམངས་མང་ཚོགས་ཚོར་བཅའ་ཁྲིམས་ཀྱི་ལམ་ལུགས་རེ་རེ་དང་། ཁྲིམས་སྐྱོང་གི་གཏན་འབེབས་རེ་རེ། ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་བཅས་ཀྱི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་བར་བྱེད་པའི་དམིགས་ཚད་དེར་དམིགས་ཏེ། ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དྲང་གཞག་དང་། ལས་ཕྱོད་ཆེ་བ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། ཁྲིམས་སྐྱོང་ཁྱབ་ཁོངས་སྒྱུར་བཅོས་ཀྱི་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཆེ་བས། ངེས་པར་དུ་རྩ་དོན་སྟངས་འཛིན་དང་མཐའ་ཚད་བརྟན་པོ་སྲུང་དགོས་པ་ལས། སྒྱུར་བཅོས་དེ་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་མ་ལག་གི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་ལག་ལེན་གྱི་རྗེས་སུ་སྙེགས་པ་ཞིག་ཏུ་གཏན་ནས་མི་འགྱུར་བ་བྱེད་དགོས།
        གསུང་རྩོམ་ནང་བསྟན་དོན། ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་རྒྱལ་སྤྱིའི་འཐབ་རྩོད་བྱེད་དགོས། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཕྱི་ཕྱོགས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ། བཀག་སྡོམ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་ཁྲིམས་ས་ཁོངས་ཕྱིར་སྤྱོད་རྒྱུར་འཚམ་པའི་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
        གསུང་རྩོམ་ནང་བསྟན་དོན། ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བསམ་བློ་དེ་ཁྲིམས་རིག་པའི་རིག་ཚན་ཁག་གི་བསླབ་གཞི་རྩོམ་འབྲི་དང་སློབ་ཁྲིད་ལས་དོན་ཁྲོད་དོན་འཁྱོལ་བྱས་ནས་བསླབ་གཞིའི་ནང་ཡོད་པ་དང་། སློབ་ཁང་དུ་ཁྱབ་པ། བསམ་བློར་ཟུག་པ་བཅས་ལ་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་རྨང་གཞིའི་འདུ་འགོད་ལ་བརྩིས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་དགོས། ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོ་བཤད་དེ་རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1