ད་ལོར་ཞིང་ཆེན་ནས་དམངས་འཚོའི་ཐད་ལ་སྒོར་དུང་ཕྱུར1900ལྷག་གཏང་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-18




   ཉེ་ཆར། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《2022ལོར་ཞིང་ཆེན་ཡོངས་ཀྱི་དམངས་འཚོའི་དོན་དངོས30ལག་བསྟར་འཆར་གཞི》པར་འགྲེམས་བྱས་ཤིང་། འཆར་གཞི་ལྟར་ན་ད་ལོར་ཞིང་ཆེན་ཡོངས་ཀྱི་དམངས་འཚོའི་དོན་དངོས30ལ་མ་དངུལ་སྒོར་དུང་ཕྱུར1900.42གཏང་རྒྱུའི་འཆར་གཞི་བཞག་པ་སྟེ། དེའི་ནང་དུ་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1379རག་ཐབསདང་། ཞིང་ཆེན་ནས་སྒོར་དུང་ཕྱུར426.36གཏང་རྒྱུ། གྲོང་ཁྱེར་དང་རྫོང་རིམ་པས་སྒོར་དུང་ཕྱུར98.06གཏང་རྒྱུ་ཡིན་ལ། སློབ་གསོ་དང་སྨན་བཅོས། རྒན་གསོ། ལས་ཞུགས། སྐྱེ་བོ་ལོ་ན་མ་སོན་པ་སྲུང་སྐྱོང་། འགྲིམ་འགྲུལ་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དམངས་འཚོའི་དོན་དངོས30འདུས་ཡོད་པ་རེད།
    དམངས་འཚོའི་དོན་དངོས་ལས་གཞི་གནད་ལ་སྨིན་ཞིང་དངོས་ཕན་ཐོགས་ཐུབ་པའི་ཆེད་དུ་ད་ལོར་ཞིང་ཆེན་རིམ་པའི་སྡེ་ཚན་དང་གྲོང་ཁྱེར་དང་རྫོང་བཅས་ལ་བསམ་འཆར་བསྡུ་ལེན་གྱི་རྨང་གཞིའི་ཐོག་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་སྤྱི་ཚོགས་མི་མང་ལ་ཕྱོགས་ནས་བསམ་འཆར་བསྡུ་ལེན་ཐོག་མ་ཡང་བྱས་པ་རེད།
   མི་རིགས་རང་སྐྱོང་ས་ཁུལ་མིན་པའི་བྱིས་པ་ཁྲི40ཡི་སློབ་གསོ་གསོ་སྐྱོང་གི་འགྲོ་སོང་གཅག་རྒྱུ་དང་། ཆ་རྐྱེན་འཛོམས་པའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ལ་འཚོ་བའི་ཁ་གསབ་དང་འཚོ་བཅུད་ཁ་གསབ་སྤྲད་རྒྱུ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ཁག་ཡོད་པའི་མཐོ་འབྲིང་དཀྱུས་མའི་སློབ་མ་ཁྲི40ལ་སློབ་སྐྱོར་རོགས་དངུལ་སྤྲད་རྒྱུ། མ་དངུལ་སྒོར་དུང་ཕྱུར38.4བཏང་ནས་གྲོང་རྡལ་གྱི་མི་ཁྲི85གསར་དུ་ལས་ཞུགས་ཐུབ་པ་དང་དབུལ་ཐར་མི་འབོར་ཁྲི220ལས་ཞུགས་ཐུབ་པ་བྱ་རྒྱུ་བཅས་སློབ་གསོ་ནི་ལས་གཞི་དང་འབྲེལ་བའི་ཁྱབ་ཁོངས་ཆེས་མང་ཤོས་ཡིན་ལ་ལས་ཞུགས་ནི་སྔར་བཞིན་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།
    2022ལོའི་དམངས་འཚོ་སྲིད་ཇུས་གསར་པར་དམིགས་ནས་ལས་གཞི་བཅུ་གསར་དུ་བསྣན་ཡོད་པ་སྟེ། འཆར་གཞི་ལྟར་ན། 2022ལོར་ཞིང་ཆེན་ཡོངས་ཀྱི་ཀུན་ཕན་ཕྲུ་གུ་གཉོར་བཅོལ་ཞབས་ཞུའི་ཆེད་ལས་བྱ་སྤྱོད་སྤེལ་རྒྱུ་ཡིན་ལ་གཉོར་བཅོལ་བྱ་ཡུལ5800གསར་དུ་བསྣན་རྒྱུ་དང་།   གཏན་འབེབས་ལྟར་འོས་འགན་སློབ་གསོའི་དུས་རིམ་གྱི་གྲོང་ཞུགས་ལས་གཉེར་མི་སྣའི་བུ་རྒྱུད་ཁྲི75ལ་སློབ་གྲྭར་འགྲོ་བའི་འགྲོ་གྲོན་འགན་སྲུང་བྱ་རྒྱུ།    
   སི་ཁྲོན་གྱི་ཆ་རྐྱེན་འཛོམས་པའི་ཕྲུ་གུ་དམར་འབྱར་ནས་ལོ6བར་གྱི་བྱིས་པ་དབང་སྐྱོན་ཅན་དང་བསམ་སྐྱོན་ཅན8100ལ་གཤག་བཅོས་དང་ལུས་གསོ་སྦྱོང་བརྡར། རོགས་དན་ཡོ་བྱད་སོགས་ཀྱིས་རོགས་སྐྱོར་བྱ་རྒྱུ།
   རྫོང་དང་གྲོང་ཁྱེར། ཆུས་བཅས20ཡི་སྐྱེ་བོ་ལོ་ན་མ་སོན་པའི་སྲུང་སྐྱོང་ལྟེ་གནས་ལེགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།
   སྒོར་དུང་ཕྱུར1.28བཏང་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་བུད་མེད་ལོ35ནས64བར་ཁྲི100ལ་རིན་པ་མི་དགོས་པ་མངལ་སྐེའི་སྐྲན་ནད་དང་ནུ་མའི་ངན་སྐྲན་ཡོད་མེད་ཚགས་བཤེར་ཞབས་ཞུ་བྱ་རྒྱུ།
   སྤྱི་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཕྱོགས་འདུས་ཁང100འཛུགས་རྒྱུ།
   ད་ཡོད་སྡོད་ཁང་ལ་གློག་སྐས5800གསར་འཛུགས་བྱ་རྒྱུ་དང་དེ་སྔར་ལས་འགན་གྲུབ་པའི་ས་གནས་སྲིད་གཞུང་ལ་བྱ་དགའ་དང་ཁ་གསབ་སྤྲད་རྒྱུ།
   གྲོང་ཡུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་སྲུང་ཆུ་ཚད་མཐོར་འདེགས་རན་ཙམ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཡུལ་མ་མཐའི་འཚོ་སྲུང་ཚད་གཞི་དམའ་ཤོས་སྐབས་བསྟུན་གཏན་འབེབས་བརྡ་ཁྱབ་བྱེད་ཅིང་། གྲོང་ཁྱེར་དང་ཁུལ་ཁག་གི་གྲོང་ཡུལ་མ་མཐའི་འཚོ་སྲུང་གི་ཚད་གཞི་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཡུལ་མ་མཐའི་འཚོ་སྲུང་ཚད་གཞི་དམའ་ཤོས་ལས་མི་དམའ་བ་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་འཚོ་སྲུང་དགོས་རིགས་ཚང་མ་ལ་མ་མཐའི་འཚོ་སྲུང་བྱ་རྒྱུ།
  ཞིང་སྡེའི་འབྲེང་ཟམ100གཞུང་ཟམ་དུ་བཅོས་སྐྲུན་བྱ་རྒྱུ།
  རྒྱལ་སྲུང་གཞུང་ལམ351པའི་གྱ་གྱུ་རི་བོའི་ཕུག་ལམ་ཨར་ལས་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ་ས་ཁོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཇེ་ཡག་ཏུ་གཏོང་ཞིང་ལམ་རྒྱུད་ཀྱི་ཁྱད་ཆོས་ཡོད་པའི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་གསར་འབྱེད་བྱ་རྒྱུ་བཅས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1