དར་མདོའི་རྒྱུ་ལའི་ཕུག་ལམ་ཨར་སྐྲུན་གྱི་ལས་མགོ་བསྐྱར་དུ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-21



དར་མདོའི་རྒྱུ་ལའི་ཕུག་ལམ་ཨར་སྐྲུན་གྱི་ལས་མགོ་བསྐྱར་དུ་བཙུགས།

     སྤྱི་ཟླ2པའི་ཚེས16ཉིན་ལ། རྒྱལ་སྲུང་གཞུང་ལམ318པའི་དར་མདོའི་རྒྱུ་ལའི་ཕུག་ལམ་གཞུང་ལམ་གྱི་ཨར་ལས་ལས་གཞིའི་འཛུགས་སྐྲུན་ལས་ཡུལ་དུ་འཛུགས་སྐྲུན་སྡེ་ཚན་ཁག་གི་ཨར་ལས་མི་སྣ་ཚོ་ཚ་ཚ་འུར་འུར་ངང་སོ་ནམ་ལོ་སར་རྗེས་སུ་ལས་མགོ་བསྐྱར་དུ་འཛུགས་པའི་ཁྲོད་དུ་ཞུགས་བཞིན་ཡོད། འབྲེལ་ཡོད་འགན་འཁུར་མི་སྣས་སྤྱི་ཟླ2པའི་ཚེས7ཉིན་ནས་བཟུང་ལས་སྒྲུབ་མི་སྣ་ཚོ་ཁག་བགོས་ནས་ལས་ཡུལ་དུ་ལོག་པ་དང་། ཚེས10ཉིན་ལ་དོ་དམ་མི་སྣ་ཐམས་ཅད་ལས་གནས་སུ་འབྱོར་ཡོད། ཚེས15ཉིན་ལ་ལས་ཡུལ་དང་པོའི་ཨར་ལས་མི་སྣ100ལས་ཡུལ་དུ་འབྱོར་བ་དང་། ཚེས16ཉིན་ལ་ལས་མགོ་བསྐྱར་དུ་བཙུགས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དར་མདོའི་རྒྱུ་ལའི་ཕུག་ལམ་ཨར་སྐྲུན་གྱི་ལས་མགོ་བསྐྱར་དུ་བཙུགས།

       ཁུལ་འགྲིམ་འགྲུལ་དང་གྲོང་ཁྱེར་འཛུགས་སྐྲུན་ཚོགས་པ་སྤྱི་གཉེར་ཁང་གི་གཉེར་དཔོན་ཀྲང་ཧུང་གིས་ཕྱོགས་གཅིག་ནས་རིམས་ཚུལ་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་པ་དང་། ཕྱོགས་གཅིག་ནས་ལས་མགོ་བསྐྱར་དུ་འཛུགས་པའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབས་ཡོད། 2022ལོའི་སོ་ནམ་ལོ་སར་རྗེས་སུ་ལས་མགོ་བསྐྱར་འཛུགས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་གྲོས་ཚོགས་འཚོགས་པ་དང་། མི་སྣ་ཡོངས་ལ་ལས་ཡུལ་དུ་མ་ཞུགས་གོང་གི་ཐོན་སྐྱེད་བདེ་འཇགས་སྐོར་གྱི་གསོ་སྦྱོང་བྱས་ཡོད། མངོན་མེད་ཉེན་ཁ་ཚགས་བཤེར་མཐར་ཕྱིན་པ་བྱས་ཏེ་དུས་ཐོག་ལ་ལས་ཡུལ་གྱི་སྒྲིག་ཆས་འཁོར་སྐྱོད་བྱས་ཚུལ་དང་མི་སྣའི་ལས་སྒྲུབ་བྱས་ཚུལ་རྒྱུས་ལོན་བྱས་པ་དང་ཆབས་ཅིག་གནད་དོན་ཡོད་ཕྱིན་དེ་མ་ཐག་ཡོ་བསྲང་བྱས་ཡོད། ལས་མགོ་བཙུགས་མ་ཐག་མཇུག་འགྲན་ལ་ཞུགས་པའི་བསམ་ཚུལ་བཟུང་ནས་ལོ་གསར་པར་ལས་མགོ་ཡག་པོ་ཞིག་འཛུགས་ཡོད་ཅེས་བཤད་པ་རེད།

དར་མདོའི་རྒྱུ་ལའི་ཕུག་ལམ་ཨར་སྐྲུན་གྱི་ལས་མགོ་བསྐྱར་དུ་བཙུགས།

  རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲུང་གཞུང་ལམ318པའི་དར་མདོའི་རྒྱུ་ལའི་ཕུག་ལམ་གཞུང་ལམ་གྱི་ཨར་ལས་ལས་གཞི་དེའི་མགོ་དར་མདོ་གྲོང་ཁྱེར་གཉའ་ལུང་གྲོང་རྡལ་ལྕེ་ཐོག་གྲོང་ཁྱེར་ལམ་གསོ་ལུང་གི་ལུང་སྒོ་ནས་ཡིན་ཞིང་། གངས་ཆུ་བརྒྱུད་རྗེས་ཕུག་ལམ་བཟོས་ནས་རྒྱུ་ལ་བརྒལ་ཏེ་ཝ་ཁྲལ་ཡུལ་ཤོག་གི་ཆུ་གཉིས་པའི་གྲོང་སྡེ་ནས་མཇུག་རྫོགས་པ་དང་། དེ་ནས་ད་ཡོད་ཀྱི་རྒྱལ་སྲུང་གཞུང་ལམ318དང་སྦྲེལ་མཐུད་བྱས་ཡོད། ལམ་ཐིག་ཧྲིལ་བོ་ལ་རིང་ཚད་སྤྱི་ལེ10.2444ཡོད་ཅིང་། དེ་ལས་ཕུག་ལམ་གྱི་རིང་ཚད་སྨི8415ཡོད། གཞུང་ལམ་རིམ་པ་གཉིས་པའི་ཚད་གཞི་ལྟར་བསྐྲུན་ཡོད་ལ་མྱུར་ཚད་ཆུ་ཚོད་རེ་ལ་སྤྱི་ལེ60རྒྱུག་ཆོག། སྣུམ་སྙིགས་ལམ་ངོས་ཀྱི་ཞེང་ཁ་སྨི10ཡོད། རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར14.755གཏང་དགོས་ཤིང་། འཛུགས་སྐྲུན་དུས་ཡུན་ལོ5ཡིན་པ་རེད། 2022ལོའི་ཟླ་བ་དང་པོའི་ཚེས31ཉིན་གྱི་བར། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར9.4ལེགས་གྲུབ་བྱུང་ཡོད། 2022ལོར་ཕུག་ལམ་སྨི2000བརྐོ་རྒྱུའི་འཆར་གཞི་ཡོད་ལ་མ་དངུལ་སྒོར་དུང་ཕྱུར་གཅིག་ལེགས་གྲུབ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1