རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྒྱལ་ཁབ་ཀྱི་མི་འབོར་རྒན་རྒོན་ཅན་གྱི་བྱ་གཞག་གོང་འཕེལ་དང་རྒན་གསོའི་ཞབས་ཞུའི་མ་ལག་གི་འཆར་འགོད་ཅེས་པ་དཔར་འགྲེམས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-23


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྒྱལ་ཁབ་ཀྱི་རྒན་རྒོན་ཅན་གྱི་བྱ་གཞག་གོང་འཕེལ་དང་རྒན་གསོའི་ཞབས་ཞུའི་མ་ལག་གི་འཆར་འགོད་ཅེས་པ་དཔར་འགྲེམས་བྱས་ཡོད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སྤྱིའི་བླང་བྱ་དང་། དམིགས་འབེན་གཙོ་བོ། ལས་འགན་བཅས་ཁ་གསལ་བཟོས་ཡོད།
        འཆར་འགོད་ནང་ཕྱོགས་དགུའི་ཐད་ནས་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་སྤྱི་ཚོགས་འགན་སྲུང་དང་མ་མཐའ་སྲུང་བའི་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་དམ་པོ་འཛུགས་པ། སྤྱི་ཕན་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་རྒྱུ་རྒྱ་ཆེར་གཏོང་བ། ཁྱིམ་སྡོད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ནུས་པ་ཤུགས་ཆེར་གཏོང་བ། རྒན་རྒོན་གྱི་བདེ་ཐང་གྱི་འདེགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒན་རྒོན་ཅན་ལ་དམིགས་པའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་བ། མི་འབོར་རྒན་རྒོན་ཅན་གྱི་ལྟ་བ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། རྒན་རྒོན་མཛའ་གྲོགས་རང་བཞིན་གྱི་སྤྱི་ཚོགས་ཁོར་ཡུག་ཡག་པོ་བསྐྲུན་པ། འཕར་གནས་འདེགས་སྐྱོར་མ་ལག་ཤུགས་ཆེར་གཏོང་བ། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས་པ་བཅས་ཚུད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1