ཁྲི་ཀ་རུ་དཔྱིད་མགོའི་རྨོ་འདེབས་ཀྱི་མགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-01



པར་འདི་ནི་ས་བོན་གཏོར་བཞིན་ལོ་ལེགས་ཡོང་བའི་སྨོན་ལམ་འདེབས་བཞིན་པའི་ཚུལ་རེད།

        ཟླ2པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་གྲོང་ཚོ་བཅུ་ཡི་བོད་རིགས་མང་ཚོགས་ཚོས། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ལག་ཏུ་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔ་འཕེལ་བའི་རྟེན་འབྲེལ་འགྲིག་པའི་གོ་རེ་བཟུང་ནས། ཞིང་ནང་དུ་ཡོང་ནས་སྲོལ་རྒྱུན་གྱི་དཔྱིད་འདེབས་ཀྱི་ཐོག་མའི་མཛད་སྒོ་གྱ་ནོམ་པ་ཞིག་བསྡུས། མཛད་སྒོའི་ཐོག་མང་ཚོགས་ཀྱིས་ས་བོན་བཏབ་ནས་སྨོན་ལམ་འདེབས་པ་དང་། ས་གནས་དེ་གའི་རྨོ་འདེབས་དེ་མི་ཤུགས་ཀྱིས་རྨོ་བ་ནས་སྒོ་ཕྱུགས་ཀྱིས་རྨོ་བ། དེ་ནས་འཕྲུལ་ཆས་ཀྱིས་རྨོ་འདེབས་བྱེད་པའི་བར་གྱི་བརྒྱུད་རིམ་སླར་ཡང་ལྟད་མོ་བའི་མིག་མདུན་དུ་མངོན་པར་བྱས་པ་མ་ཟད། རྨོན་དོར་སྡེབས་ནས་ཐོང་ཁ་ཕྱེ་སྟེ་རྒྱལ་ཁབ་དར་ཞིང་རྒྱས་བ་དང་། མི་དམངས་བདེ་ཞིང་སྐྱིད་པ། འབྲུ་རིགས་སྣ་ལྔས་འབྲུ་མཛོད་ཕྱུར་བའི་སྨོན་ལམ་བཏབ། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1