ལོ་ལྟར་དགུན་ཁ་ཤར་རྗེས། བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཞིང་འབྲོག་ཁུལ་གྱི་འབྲི་གཡག་ཁྱུ་ཚོགས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་འགྲམ་དུ་སླེབས་པ་དང་། “གནམ་མཐའི་འབྲོག་རའི”མཛེས་ལྗོངས་ཡག་ཤོས་གྲུབ་པ་རེད། དེ་ནི་བོད་ལྗོངས་མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་དང་། མཐོང་རྒྱ་ཆེ་ལ་རྩྭ་ཆུ་བཟང་བ། མ་ཕམ་གཡུ་མཚོ་ཡི་མཚེའུ་གཙོ་བོ་གངས་ཏི་སེའི་རི་རྒྱུད་ཀྱི་གངས་ཆུ་དྭངས་བ་དང་། མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། ཉེ་ཆར་ས་གནས་དེ་གའི་འབྲོག་པས་ལོ་ལྟར་གྱི་དགུན་དུས་སུ་ཉེ་འཁོར་གྱི་ཞིང་འབྲོག་ཁུལ་དུ་འབྲི་གཡག་དགུན་སྒྲོལ་བྱས་པ་རེད།