མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་མཐོ་གསུམ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-02



        2021ལོར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རིམ་པ་སོ་སོའི་དོ་དམ་སྡེ་ཁག་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། བཟང་བཅུའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཚན་རིག་ཞིབ་འཇུག སྐྱེ་ཁམས་དཔལ་ཡོན་བཅས་མཐོ་ས་ཆེན་པོ་གསུམ་འཛུགས་སྐྲུན་ནན་མོ་བྱས་པས། སྐྱེ་ཁམས་བྱ་བའི་ཐད་ནས་གྲུབ་འབྲས་མང་པོ་བླངས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་འབད་འཐབ་བྱས།

        རི་ཆུ་ནགས་ཞིང་དང་མཚེའུ། བྱེ་ཐང་། འཁྱགས་དར་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། གཏེར་ལས་དབང་ཆ་མེད་པར་བྱེད་པ་དང་སྐྱེ་ཁམས་གནས་སྤོར་སོགས་བྱ་བའི་ཐད་ནས་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། རྒྱལ་ཁབ་སྤྱི་གླིང་ནགས་ཚལ་རྩྭ་ས་དང་ཆུའི་སྐྱེ་ཁམས་མ་ལག བརླན་སའི་སྐྱེ་ཁམས་མ་ལག་བཅས་བདེ་ཐང་དང་གཏན་འཇགས་ཡིན་ལ། སུམ་ཆའི་གཉིས་ཡན་གྱི་སྔོ་ཁེབས་སྤྱིའི་ཆ་ནས་ཇེ་བཟང་དུ་འགྲོ་བའི་གནས་བབ་མངོན་པ་དང་། ཆུ་བོའི་ལོ་རེའི་བཞུར་ཚད་དེ་ལོ་མང་པོའི་ཆ་སྙོམས་དང་བསྡུར་ན་བརྒྱ་ཆའི་ཉེར་བདུན་ལྷག་ཇེ་མང་དུ་སོང་ལ། ས་ངོས་ཀྱི་ཆུའི་ཁོར་ཡུག་གི་རྒྱུ་སྤུས་རིགས་གཉིས་ཀྱིས་ཡན་དུ་སླེབས་པ་དང་། གྲང་ངར་ཆེ་སའི་བརླན་ས་ལོ་རེ་བཞིན་ཇེ་མང་དུ་སོང་ཞིང་། ཆུ་ཁུངས་བསྐྱིལ་གསོག་རྩོལ་ནུས་རྒྱུན་མཐུད་ངང་ཇེ་དྲག་ཏུ་སོང་བ་དང་། སྐྱེ་ཁམས་མ་ལག་གི་ཐཱན་སྲ་བརྟན་དང་དབྱང་དབུགས་ཕྱིར་གཏོང་དངོས་པོའི་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོང་སོང་ལ། སྐྱེ་ཁམས་མ་ལག་གི་ངོ་བོ་རང་བཞིན་དང་ཧྲིལ་བོའི་རང་བཞིན་ལ་སྲུང་སྐྱོབ་ཆེན་པོ་ཐོབ།
        སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། གཞི་གྲངས་ཆེན་པོའི་ལྟེ་གནས་དང་འགྲེམ་སྟོན་ལྟེ་གནས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས། སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་། སྐྱེ་ཁམས་ལྟ་ཞིབ་གནས་ཐིག་གཏན་ཁེལ་ས་ཚིགས་བཅས་འཛུགས་སྐྲུན་བྱས་ལ། ཚད་གཞི་ཅན་གྱི་དོ་སྲུང་ས་ཚིགས་བཞི་བཅུ་བདེ་འཇགས་ཕན་མཐོ་སྒོས་འཁོར་སྐྱོད་བྱས་ལ། ལོ་ཧྲིལ་བོར་སྐོར་ཞིབ་ཐེངས་ཁྲི་བཞི་དང་སྟོང་བཞི་ལ་སྤེལ།
        སྐྱེ་ཁམས་ཚན་རིག་ཞིབ་འཇུག་གི་མཐོ་ས་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བ་དང་། ནུབ་བྱང་ས་ཁུལ་གྱི་ནགས་ཚལ་ལྟ་ཞིབ་འགུལ་རྣམ་ས་ཆ་ཐོག་མ་བཙུགས་ལ། མདོ་དབུས་མཐོ་སྒང་ཤར་བྱང་རྒྱུད་ཀྱི་ནང་ལོགས་ཆུ་བོའི་འགོ་ཁུངས་ས་ཁུལ་གྱི་ཆུའི་སྐྱེ་ཁམས་མ་ལག་གི་ཞིབ་འཇུག་སྤེལ་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་བཤེར་ཁྱོན་ཡོངས་ལ་ཁེབས་པར་བྱས་པ་དང་། གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་སྲོག་ཆགས་ཀྱི་ཚན་རིག་ལྟ་ཞིབ་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་མི་གཞུང་བརྟག་བཤེར་སྤེལ་བ་དང་། ཡི་གེ་མ་བྱུང་གོང་གི་རིག་གནས་ཤུལ་བཞག་དང་གསར་བརྗེའི་རིག་གནས་ཞིབ་འཇུག་སོགས་ཕྱོགས་ནས་གྲུབ་འབྲས་གལ་ཆེན་བླངས། སྐྱེ་ཁམས་ལག་རྩལ་འགྲེམ་སྟོན་སོགས་རིག་གནས་ལག་ལེན་བྱ་འགུལ་སྤེལ་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1