ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-03


ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག
ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་འདུ་ཤེས་བཙུགས་ཏེ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གནོང་འགྱོད་མེད་པའི་འབད་འཐབ་ཀྱི་རྐང་རྗེས་འཇོག་དགོས་པའི་ནན་བཤད་གནང་བ།
ཟླ་3ཚེས་1ཉིན་གྱི་སྔ་དྲོ། 2022ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་1ཉིན་གྱི་སྔ་དྲོ། 2022ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གཞོན་ནུ་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རེ་བ་ཡིན་པས། ངེས་པར་དུ་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་རུལ་འགོག་འགྱུར་ཟོན་གྱི་འགོག་སྲུང་འཛིང་རགས་སྲུང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་བ། འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་སྤྲོད་པ། དམངས་དོན་པང་དུ་ལེན་པའི་ཁྱིམ་ཞེན་རྒྱལ་ཞེན་གྱི་ལ་རྒྱ་འཛུགས་པ། བླ་ན་མེད་པ་དང་རྣམ་དག་གི་བསམ་བློའི་གོ་རྟོགས་དོན་གཉེར་བྱེད་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་དང་ལེགས་སྐྱེས་ཕུལ་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་གནོང་འགྱོད་མེད་པའི་འབད་འཐབ་ཀྱི་རྐང་རྗེས་འཇོག་དགོས་པའི་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕུགས་བསམ་དང་དད་སེམས་ནི་ཏང་འཛུགས་ཏང་དར་གྱི་རྨང་གཞི་ཡིན་ལ། ཏང་ཡོན་ལས་བྱེད་པའི་ཆགས་ས་བརྟེན་སའི་རྩ་བའང་ཡིན། ན་གཞོན་ལས་བྱེད་པས་རྒྱུན་འཛིན་ཡག་པོ་བྱེད་པར་གལ་འགངས་ཆེ་ཤོས་ནི་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་མཐའ་འཁྱོངས་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ཆེད་འབད་འཐབ་ཧུར་ཐག་བྱེད་པའི་རྒྱུན་འཛིན་ཡག་པོ་དེ་རེད། ཏང་ཡོན་ལས་བྱེད་པས་བློ་གཤོགས་ཆེན་པོ་དང་ཕུགས་བསམ་ཆེན་པོ་བཅངས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པར་མི་ཚེའི་ཕུགས་བསམ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་མཉམ་འདྲེས་བྱེད་པ་དང་མི་དམངས་བདེ་སྐྱིད་ཡོང་ཕྱིར་འབད་འཐབ་བྱ་རྒྱུ་དེ་རང་ཉིད་ཀྱི་བདེ་སྐྱིད་ཆེ་ཤོས་སུ་བརྩིས་ན་གཞི་ནས་དོན་དང་ལྡན་ལ་ཕུན་སུམ་ཚོགས་པོའི་མི་ཚེ་ཞིག་ཡོང་ཐུབ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་ངེས་པར་དུ་སྔོན་ལ་ཤེས་རྟོགས་བྱས་རྗེས་ཡིད་ཆེས་དང་ཡིད་ཆེས་བྱས་རྗེས་ལག་ལེན་བསྟར་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་ནི་དུས་སྐབས་ཤིག་མ་ཡིན་པར་ཚེ་གང་གི་བྱ་བ་ཞིག་ཡིན་པས། རྒྱུན་དུ་བློ་སྦྱོང་དང་རྒྱུན་དུ་ཞུན་བརྡར་སྤྲོས་པ་དང་རྒྱུན་དུ་གོ་དོན་རྟོགས་པ་དང་རྒྱུན་དུ་ཡར་རྒྱས་ཡོང་བ་བྱས་ཏེ་དུས་བབ་བཟང་ངན་གང་ཞིག་འཕྲད་ཀྱང་བློ་རྩ་བརྟན་ཞིང་འགྱུར་བ་མེད་པར་རླུང་རླབས་དྲག་པོའི་ཉམས་སད་ཐེག་ཐུབ་པ་བྱེད་དགོས།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། གཞོན་ནུ་ལས་བྱེད་པ་ཚོས་ངེས་པར་དུ་སྤྱོད་གཙང་ནི་བདེ་སྐྱིད་དང་འདོད་རྔམ་ནི་ཆག་སྒོ་ཡིན་པའི་གནས་ལུགས་བློ་ལ་བརྟན་པོར་ངེས་ནས་རྟག་ཏུ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་ལྟ་བསྡུར་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་ལྟ་བསྡུར་བྱེད་པ། ཐོག་མའི་བསམ་འདུན་འགན་འཁྲི་དང་ལྟ་བསྡུར་བཅས་བྱས་ནས། བྱ་བ་ཁག་གཅིག་སྒྲུབ་དགོས་མིན་དང་སྒྲུབ་ཐུབ་མིན་གསལ་པོར་མཐོང་བར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་རང་བཀུར་རང་རྟོགས་ཀྱིས་སྒྲིག་ཁྲིམས་སྒྲིག་ལམ་ནན་པོར་སྲུང་དགོས། རུལ་འགོག་འགྱུར་ཟོན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་བར་གལ་འགངས་ཆེ་ཤོས་ནི་ནང་སེམས་བསྲུང་རྒྱུ་དེ་ཡིན་ཞིང་། བྱ་བ་ཆུང་ཙག་དང་ལྷུ་ཚིགས་ཆུང་ངུ་ནས་འགོ་བཙུགས་ཏེ་གནས་ལུགས་གསལ་རྟོགས་དང་གཞུང་དྲང་རང་ཚུགས་ཟིན་པར་བྱས་ནས། “བསམ་བློའི་དྲེག་པ”རྟག་ཏུ་གཙང་སེལ་དང་། “འདོད་རྔམ་གྱི་གནོད་པར”བསམ་བློ་མང་ཙམ་གཏོང་བ། “སེམས་ཀྱི་རྐུན་པོ”རྟག་ཏུ་བཅོམ་པ་བཅས་བྱས་ཏེ་ནང་སེམས་གཅུན་ནས་ལས་མི་དག་པ་བྱ་མི་རུང་།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལས་བྱེད་པ་ཚོས་རུལ་འགོག་འགྱུར་ཟོན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་བར་རིམ་པ་བཞིན་འགོག་སྲུང་དང་ཕྱོགས་གང་ས་ནས་འགོག་སྲུང་བྱེད་དགོས། ཆབ་སྲིད་ཀྱི་འགག་སྒོ་དམ་པོ་སྲུང་སྟེ་དུས་དང་རྣམ་པ་ཀུན་ཏུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་རྩ་བ་དེ་དམ་པོར་འཛིན་པ་དང་། ཡིན་མིན་ཆེན་པོའི་མདུན་དུ་དང་ཆབ་སྲིད་ཀྱི་རྩ་དོན་གནད་དོན་ཐད་རིག་པ་ཧ་ཅང་དྭངས་གསལ་དང་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡོང་བ་བྱས་ནས། མགོ་གཉིས་ཤོག་ཁག་དང་ངོ་གཉིས་མ་གཏན་ནས་བྱེད་མི་རུང་བ། ཏང་གི་རྩ་དོན་ཁྱེར་ནས་ཉོ་ཚོང་གཏན་ནས་བྱེད་མི་རུང་བ་བཅས་བྱེད་དགོས། དབང་ཆའི་འགག་སྒོ་བརྟན་པོ་སྲུང་བར་ཐོག་མཐའ་བར་གསུམ་དུ་དབང་ཆའི་གུས་སྐྲག་གི་བསམ་པ་མཐའ་འཁྱོངས་དང་གཞུང་དྲང་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་མཐའ་འཁྱོངས་བྱེད་དགོས།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ནི་ཏང་གཤིས་རེད། ཏང་གཤིས་བརྟན་ལ་སྒེར་སེམས་སྣ་ཚོགས་དོར་ཚེ་གཞི་ནས་སྲིད་དོན་ལས་རྗེས་ཀྱི་ལྟ་བར་འཛོལ་ཁྱད་མི་ཡོང་བའི་འགན་ལེན་བྱེད་ཐུབ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ་གུང་ཁྲན་ཏང་མིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས། ང་ཚོས་ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་བར་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་དང་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་སྒྲུབ་ནས་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱེད་དགོས། གང་ཞིག་བྱ་བ་བཟང་པོ་དང་བྱ་བ་དངོས་ཡིན་མིན་ནི་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་བསམ་བློ་གཏོང་དགོས་པ་ལས་རང་སྣང་གིས་གཏན་འཁེལ་བྱེད་མི་རུང་ལ། འཕྲལ་སེལ་སླ་བཅོས་དང་ཕྱི་ཚུལ་ཙམ་བྱེད་མི་རུང་། མི་དམངས་ཀྱི་དགོས་མཁོ་གང་དུ་ཡོད་ན་བྱ་བ་བཟང་པོ་དང་བྱ་བ་དངོས་དེ་གར་སྒྲུབ་ཐུབ་པ་དང་། ལས་རྗེས་དེ་གར་གཏོད་ཐུབ། ལས་རྗེས་ཡག་པོ་ཡོད་མེད་དེ་མང་ཚོགས་ཀྱི་མྱོང་ཚོར་དངོས་ལ་གཞིགས་པ་དང་མང་ཚོགས་ཀྱིས་ཐག་གཅོད་དགོས། གནས་ཚུལ་ལ་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་ཡིན་མིན་མང་ཚོགས་ཀྱི་མིག་མདུན་གྱི་དགོས་མཁོ་ཁོ་ནར་ལྟ་མི་རུང་བར་ད་དུང་རྗེས་ཀྱི་སྐྱོན་ཡོད་མེད་དང“གནད་དོན་གཅིག་ཐག་གཅོད་བྱས་པར་བློ་ཕམ་སྐྱེ་བའི་དོན་མང་པོ་ཐོན་མིན”ལ་ལྟ་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ང་ཚོས་ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་དང་དཔལ་འབྱོར་འཛུགས་སྐྱོང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་མོད། འོན་ཀྱང་དུས་བབ་གསར་པའི་འོག་འཕེལ་རྒྱས་གཏོང་རྒྱུ་དེ་ལྷམ་གསར་པ་གྱོན་ནས་འགྲོ་ལམ་རྙིང་པར་སྐྱོད་པ་ལྟར་བྱེད་མི་རུང་བར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་རྗེས་ཚང་མ་ནི་སྒྲུབ་ནས་བྱུང་བ་ཞིག་ཡིན་པས། ལག་ལེན་དངོས་སུ་འཁྱོལ་ན་གཞི་ནས་ལས་རྗེས་ངོ་མ་འཇོག་ཐུབ། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་དངོས་འཛིན་དངོས་སྒྲུབ་ཀྱིས་དངོས་དོན་སྒྲུབ་པ་དང་། ཐབས་ཇུས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར། ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས་འབོད་ཚིག་རྣམ་པ་དང་། རྣམ་འགྱུར་རྣམ་པ། ཐུམ་སྒྲིལ་རྣམ་པ་བཅས་ཀྱི་དོན་འཁྱོལ་བྱེད་ཐབས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ལ་ཁ་བཤད་ལག་བསྟར་དང་འཕྲལ་མར་སྒྲུབ་དགོས་པ་ལས་དལ་དལ་ལྷོད་ལྷོད་དང་ཀ་རེ་ཀོ་རེ་གཏན་ནས་བྱེད་མི་རུང་། ཡུན་རིང་གི་ལས་འགན་ཐད་འཐབ་ཇུས་ཀྱི་ངེས་ཤུགས་དང་སྙིང་རུས་རྒྱུན་འཁྱོངས་ཀྱིས་འཆར་གཞི་མཐར་ཕྱིན་པ་འགོད་རྒྱུ་མཐའ་འཁྱོངས་བྱས་ནས་ཐིགས་པ་བསགས་པའི་རྒྱ་མཚོ་ལྟར་སྙིང་རུས་གཏན་འཁྱོངས་བྱེད་དགོས། གནད་སྨིན་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་ནས་འཆར་འགོད་བྱེད་སྐབས་སྤྱི་ཡོངས་ལ་གཅིག་འདོམས་དང་བཀོལ་སྤྱོད་བྱེད་པའི་ཁྲོད་ཞིབ་ཚགས་དང་ཏན་ཏིག་བྱས་ཏེ་ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་གནད་ལ་འཁེལ་བ་བྱེད་དགོས།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། གཞོན་ནུ་ལས་བྱེད་པ་ཚོས་འགོ་ཁྲིད་ཀྱི་ལས་འགན་འཁུར་ཐུབ་པ་བྱེད་པར་ཁོང་དུ་ཆུད་དགོས་པའི་འཇོན་ཐང་ཧ་ཅང་མང་པོ་ཡོད། ཆེས་རྩ་བར་གྱུར་པའི་འཇོན་ཐང་ནི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཡིན། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ནི་ལས་དོན་ཡག་པོ་སྒྲུབ་པའི་རྩལ་ནུས་ཤིག་ཡིན་པས་ང་ཚོས་འཇིག་རྟེན་ཤེས་རྟོགས་དང་འཇིག་རྟེན་སྒྱུར་བཀོད་བྱེད་པར་མཛུབ་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཡིན། ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དུས་བབ་གསར་པར་ལྟ་ཞིབ་དང་། གནས་ཚུལ་གསར་པར་ཞིབ་འཇུག གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་ལས་དོན་ཁག་ཡང་དག་པའི་ཁ་ཕྱོགས་སུ་ཕྱོགས་པ་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལྟར་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལག་ལེན་ཁྲོད་ནས་ཤེས་བྱ་ངོ་མ་སྦྱོང་བ་དང་བདེན་དོན་རྟོགས་རྒྱུར་སྣང་ཆེན་བྱས་ཏེ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་། དེའི་འགག་རྩ་ནི་ཁེངས་སྐྱུང་དང་སེམས་རྣལ་དུ་ཕབ་ནས་སློབ་ཆུང་སློབ་མ་ལྟར་མ་ཤེས་ན་སྐད་ཆ་འདྲི་བ་དང་གཞན་ལ་སྐད་ཆ་འདྲི་རྒྱུར་ངོ་མི་ཚ་བ་བྱེད་པ་ལས་རང་ཤེད་ཀྱིས་ཐག་གཅོད་དང་མི་ཤེས་ཤེས་ཁུལ་གཏན་ནས་བྱེད་མི་རུང་།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཡོངས་ཀྱིས་མུ་མཐུད་འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ། འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་བྱེད་པ་ནི་སྙིང་སྟོབས་ཤིག་ཡིན་ཞིང་། དེའི་དགོས་མཁོ་ཆེ་ཤོས་ནི་སྒེར་སེམས་མེད་པའི་གཤིས་རྒྱུད་དང་ཞུམ་པ་མེད་པའི་བློ་སྟོབས་རེད། སྒེར་སེམས་མེད་མཁན་ལ་སྐྲག་སྣང་མེད་པ་དང་། སྐྲག་སྣང་མེད་མཁན་གྱིས་གཞི་ནས་འགན་འཁྲི་འཁུར་ཐུབ་ལ་འཐབ་རྩོད་ཀྱང་བྱེད་ཐུབ། འགན་འཁྲི་འཁུར་བ་དང་འཐབ་རྩོད་བྱེད་པ་ནི་འགན་འཁྲི་ཞིག་ཡིན་ཞིང་། འགན་འཁྲི་འཁུར་ཕོད་ན་གཞི་ནས་འགན་འཁྲི་ངོ་མ་འཁུར་ཐུབ་པ་དང་འཐབ་རྩོད་ངོ་མ་བྱེད་ཐུབ། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་བཏང་སྟེ། གོ་སྐབས་ཀྱི་མདུན་དུ་རང་འགུལ་ངང་ཕར་རྒོལ་བྱས་ནས་ཐེ་ཚོམ་བྱེད་མི་རུང་ལ་བལྟས་ནས་ཀྱང་སྡོད་མི་རུང་། དཀའ་ངལ་གྱི་མདུན་དུ་ཞུམ་མེད་མདུན་སྐྱོད་ཀྱིས་རང་འགན་གཞན་དཀྲི་བྱ་མི་རུང་ལ་གཡོལ་ཐབས་ཀྱང་བྱ་མི་རུང་། ཉེན་ཁའི་མདུན་དུ་ཁ་གཏད་ཧུར་ཐག་བཅག་ནས་བག་འཁུམ་མི་རུང་ལ་གཡོལ་ཐབས་ཀྱང་བྱ་མི་རུང་། འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་བྱེད་པ་ནི་བཀོད་པ་ཞིག་ཡིན་ཞིང་། ཆ་ཤས་ཀྱིས་སྤྱི་ཡོངས་ལ་བསྟུན་པ་དང་རང་རྟོགས་ཀྱིས་སྤྱི་ཡོངས་ལ་འགན་འཁུར་ཕོད་པ་མཐའ་འཁྱོངས་བྱེད་པ་ནི་དེ་བས་གལ་འགངས་ཆེན་པོ་རེད། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཅངས་ཏེ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་ལས་དོན་བསྒྲུབས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་ལས་དོན་ཐམས་ཅད་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། ཆ་ཤས་ཀྱི་ཁེ་ཕན་གྱི་ཆེད་དུ་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་ལ། གནས་སྐབས་ཀྱི་ཁེ་ཕན་གྱི་ཆེད་དུ་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ལོ་དེ་དག་རིང་ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་ཆེན་བྱེད་པའི་གྲ་སྒྲིག་བྱེད་དགོས་ཞེས་ནན་བཤད་བྱེད་དོན་ནི། བསམ་བློའི་གྲ་སྒྲིག་འདི་འདྲ་ཞིག་ཡོད་ཚེ་ང་ཚོས་གཞི་ནས་ཉེན་ཁ་དང་ཚོད་བགམ་རབ་དང་རིམ་པར་འཚབ་འཚུབ་མེད་པར་ཁ་གཏད་གཅོག་ཐུབ་པས་རེད། གྲངས་ལས་འདས་པའི་དོན་དངོས་ལས་ང་ཚོས་ཤེས་གསལ། འཕྲང་ལམ་དོག་པོར་དཔའ་ངར་ལྡན་པ་རྒྱལ་བའི་དཔའ་ཉམས་ལ་བརྟེན་ནས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་མཁས་པོ་བྱས་ན་ང་ཚོར་གཞི་ནས་ལ་རྒྱ་དང་རང་འགུལ་ཐོབ་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་ཐུབ། གཞོན་ནུ་ལས་བྱེད་པ་ཚོས་ངེས་པར་དུ་དཔའ་ངར་ཞུམ་མེད་ཀྱིས་གདོང་མཆོང་བྱས་ནས་འཐབ་རྩོད་བྱེད་རིང་དཀའ་ངལ་སྣ་ཚོགས་ཀྱི་ཉམས་སད་ཐེག་པ་དང་མཐོང་རྒྱ་ཆེ་རུ་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྔ་རྗེས་སུ་གཅིག་སྡུད་སློབ་སྦྱོང་སློབ་གསོ་རབ་དང་རིམ་པ་སྤེལ་ཞིང་། དེའི་དམིགས་ཡུལ་གལ་ཆེན་ཞིག་ནི་ཏང་ཡོངས་ལ་ཀྲུང་གོ་གུང་ཁྲན་ཏང་ནི་གང་ཞིག་ཡིན་པ་དང་གང་ཞིག་བྱེད་དགོས་པའི་རྩ་བའི་གནད་དོན་འདི་བློ་ལ་བརྟན་པོར་ངེས་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་དང་མི་དམངས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བར་ཐོག་མར་མང་ཚོགས་ལ་བརྩེ་དུང་ཡོད་པ་དང་། རང་ཉིད་མང་ཚོགས་ཀྱི་ཁོངས་མི་ཞིག་དང་མང་ཚོགས་ཀྱི་བྱ་བ་རང་ཉིད་ཀྱི་བྱ་བར་དངོས་སུ་བརྩི་དགོས། དུས་བབ་གསར་པའི་འོག་མང་ཚོགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་སྟངས་ལེགས་བཅོས་དང་མང་ཚོགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཡིག་བསྐུར་ངོ་བཅར་ནི་སྒོ་ཁར་བསྐྱལ་བའི་མང་ཚོགས་ཀྱི་ལས་དོན་ཞིག་ཡིན་པས། ཡིག་བསྐུར་ངོ་བཅར་གྱི་ཐབས་ལམ་བརྒྱུད་མང་ཚོགས་ཀྱི་རེ་འདུན་དང་བདེ་སྡུག་གསལ་པོར་རྟོགས་པ་དང་། ལས་དོན་གྱི་ཧེ་བག་དང་མི་འདང་ས་བཙལ་ཏེ་གཅིག་ཤེས་ཀུན་གྲོལ་དང་ལེགས་བཅོས་ཆེན་པོ་བྱས་ནས་མང་ཚོགས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་དགོས། འགོ་ཁྲིད་ལས་བྱེད་པ་ཚོས་དྲ་བ་སྦྱོང་བ་དང་། དྲ་བ་ཤེས་པ། དྲ་བ་སྤྱོད་པ་བཅས་བྱས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདུན་ཤེས་རྟོགས་དང་། བསམ་ཚུལ་ཡག་པོ་དང་གྲོས་འགོ་ཡག་པོ་འཚོལ་བསྡུ། དྲ་དམངས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་སློག་པ་བཅས་བྱེད་དགོས། ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་ཚད་མཐོའི་དོ་ཁུར་བྱེད་པ་དང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། ལས་ཞུགས་ཚོགས་པ་གསར་པའི་བསམ་བློའི་ཁྲིད་སྟོན་དང་གོང་བུ་གཅིག་ཏུ་སྒྲིལ་བའི་ཞབས་འདེགས་ལས་དོན་ཡག་པོ་སྒྲུབ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1