བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-04



       

བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།

        སྤྱི་ཟླ2པའི་ཚེས27དང་ཚེས28ཉིན་ཏེ་ཉིན་གཉིས་ཀྱི་རིང་ལ་དཀར་མཛེས་རྫོང་གུང་གཞོན་ཚོགས་པ་དང་དཀར་མཛེས་རྫོང་གནའ་དཔེ་གསེར་བྲིས་རིག་གནས་ལས་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོསབོད་ཀྱི་ལོ་གསར་ལ་ཡིག་གཟུགས་ཀྱི་ལེགས་སྐྱེས་འབུལཞེས་པའི་བྱེད་སྒོ་སྤེལ་བ་རེད།  ཉིན་དེ་རུ་དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག། རྫོང་གུང་གཞོན་ཚོགས་པའི་ཧྲུའུ་ཅི་བྱམས་པ་ཆོས་སྐྱིད་ཀྱིས་སྣེ་ཁྲིད་དེ་དཀར་མཛེས་རྫོང་བཞི་ཁྲོམ་ཁ་རུ་དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ལས་སྒྲུབ་ཁང་གི་ཡིག་གཟུགས་མཁན་ཅན་བྱམས་པ་རྡོ་རྗེའམ་ཆོས་འགྲུབ་ཚེ་རིང་གིས་རྟེན་འབྲེལ་གྱི་ཤིས་ཚིག་ཉིས་བརྒྱ་ལྷག་གསར་དུ་བྲིས་ཏེ་རིན་མེད་ངང་ཡིག་གཟུགས་ལ་དགའ་བའི་ཡུལ་མི་སྤུན་ཟླ་རྣམས་ལ་ཕུལ་བ་རེད།

 

བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།

བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།

བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།

བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།

    ཉིན་འདི་གཉིས་ཀྱི་རིང་ལ་སྐྲ་ལོ་དཀར་བའི་རྒན་རྒོན་མང་པོའི་ཞལ་ལ་འཛུམ་གྱིས་ཁེངས་ཏེ་ལེགས་སྐྱེས་འདི་ལོ་གསར་པའི་ནང་རྟེན་འབྲེལ་ལེགས་སོང་ཞེས་སྤྲོ་བ་རྒྱས་བཞིན་ཡོད་ལ། ལོ་ན་ཕྲ་བའི་བྱིས་པ་མང་པོས་བྲིས་གཟུགས་ཀྱི་སྒྱུ་རྩལ་ལ་མཛེས་སྡུག་གི་ངོ་མཚར་འཛིན་ཏེ་ཡིད་སྨོན་གྱིས་མཐེ་བོང་བསྒྲེངས་པ་རེད། དེར་འདུས་ཀྱི་མང་ཚོགས་ལ་ཡིག་གཟུགས་ཀྱི་ལེགས་སྐྱེས་ཐོབ་པར་མ་ཟད་རྫོང་གུང་གཞོན་ཚོགས་པས་གནང་བའི་ཁ་ཤུབས་ཉིས་སྟོང་ལྷག་གི་ལེགས་སྐྱེས་ཀྱང་ཐོབ་པས་ཁོ་ཚོས་སྤྲོ་བའི་བཞིན་རས་ལས་དགའ་བའི་མདངས་མངོན་བཞིན་མཆིས།

        དཀར་མཛེས་རྫོང་གནའ་དཔེ་གསེར་བྲིས་རིག་གནས་ལས་སྒྲུབ་ཁང་གི་ཡིག་གཟུགས་མཁན་ཅན་བྱམས་པ་རྡོ་རྗེའམ་ཆོས་འགྲུབ་ཚེ་རིང་ནི་ད་ལྟ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་། སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་ཚོགས་པའི་ཚོགས་མི། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི།  སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་རྒྱལ་ཡོངས་ཡིག་མཁན་གྲགས་ཅན་གདན་ཞུས་ཀྱི་བཤམས་སྟོན་ལས་རྐང་འཛིན་བོད་ཡིག་ཡིག་མཁན། དཀར་མཛེས་ཁུལ་རིག་གནས་སྒྱུ་རྩལ་ཕྱོགས་ཀྱི་མཉམ་འབྲེལ་ཚོགས་པས་གཏན་ཁེལ་བྱས་པའི་དམངས་ཁྲོད་ཀྱི་ཡིག་གཟུགས་མཁས་པའི་སློབ་དཔོན་ཆེན་མོ། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱིས་དམིགས་བསལ་གཏན་ཁེལ་བྱས་པའི་བོད་ཀྱི་ཡིག་མཁན།  དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་གཟུགས་གསར་རྩོམ་མི་སྣ།  གངས་དཀར་རི་བོའི་དུས་དེབ་ཁང་གི་ཡིག་གཟུགས་གསར་རྩོམ་མི་སྣ། སི་ཁྲོན་མི་རིགས་སློབ་གླིང་གི་ཡིག་གཟུགས་ཞིབ་འཇུག་དང་རྒྱུན་འཛིན་དེབ་ཀྱི་རྐང་འཛིན་ཡིག་མཁན། ཁམས་པའི་བརྙན་འཕྲིན་གྱི་དགའ་སྤྲོའི་གླིང་ག་སྐབས་གསུམ་པའི་གདན་ཞུ་ཡིག་གཟུགས་དགེ་རྒན།དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ། དཀར་མཛེས་ཁུལ་དང་ཡུལ་ཤུལ་ཁུལ། ལི་ཐང་རྗོང་། དཀར་མཛེས་རྫོང་སོགས་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཆ་ཚང་སློབ་ཆུང་གསུམ་པ་དང་སྲིབ་ངོ་སློབ་ཆུང་སོགས་ཀྱི་གདན་ཞུ་ཡིག་གཟུགས་དགེ་རྒན། དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་ཚོགས་མི་བཅས་ཡིན། ཁོང་གིས་བྲིས་པའི་ཡིག་རིགས་སྣ་ཚོགས་ཀྱི་ཡིག་གཟུགས་ལ་རྫོང་དང་ཁུལ།ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་མྱོང་ལ་ལྷག་པར་དུ་བྱམས་པ་རྡོ་རྗེ་ཁོང་དང་བྲིས་པ་དབྱིག་གཉེན་དང་བྲིས་པ་བསོད་ནམས་དབང་རྒྱལ་གསུམ་གྱིས་བྲིས་པའི་གནའ་དེང་གི་ཡིག་སྣ230འདུས་ཤིང་རིང་ཚད་ལ་སྨི355.5ཡོད་པའི་ཞལ་ཐང་རིང་མོ་དེ་འཛམ་གླིང་རང་བཞིན་གྱི་ཡིག་གཟུགས་ཅི་ཉི་སི༼吉尼斯༽ཟིན་ཐོ་རུ་ཐོ་འགོད་བྱས་ཡོད་པ་རེད།

བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།

བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།

བོད་ཀྱི་ལོ་སར་བསུ་ལུགས་འདི་ལ་ཁྱད་ཆོས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1