༄༅།། ན་ཐང་རྩྭ་ས་ཞན་འགྱུར་གྱི་བཅོས་སྐྱོང་ལག་རྩལ།

རིན་ཆེན་མཁའ་འགྲོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-07


        ནེའུ་གསིང་ནི་འཛམ་གླིང་ཡོངས་ཀྱི་བརླན་སའི་རིགས་མང་པོའི་ནང་གི་ཅིག་ཡིན། བརླན་ས་ནི་རང་བྱུང་ཁམས་སུ་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་བྱེད་ལས་ཆེས་དྲགས་པའི་སྐྱེ་ཁམས་མ་ལག་ཡིན། བརླན་ས་ཡིས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ། བག་ཡེངས་བྱེད་པ་བཅས་ལ་ཐོན་ཁུངས་གང་མང་མཁོ་སྤྲོད་བྱས་ཡོད་དེ། མིའི་རིགས་འཚོ་རྟེན་བྱེད་སའི་ཁོར་ཡུག་གལ་ཆེན་ཞིག་ཡིན། ཆུ་ནུས་དཔལ་ཡོན་དང་ཆུ་སྐྱེད་དཔལ་ཡོན་བཙུགས་པ་དང་འཕེལ་རྒྱས་ཕྱིན་པ་ཚང་མ་བརླན་ས་རྨང་གཞིར་བཟུང་ཡོད། བརླན་ས་ཡིས་ཆུ་ལོག་སྔོན་འགོག་དང་སྙོམས་སྦྱོར་བྱེད་པ། འབག་བཙོག་ཚོད་འཛིན་དང་འབག་བཙོག་དངོས་པོ་མེད་པར་བཟོ་བ་བཅས་ཀྱི་ལས་སུ་ཚབ་བྱེད་ཐབས་མེད་པའི་ནུས་པ་གལ་ཆེན་ལྡན། དེ་ཡང་སའི་གོ་ལའི་མཁལ་མ་ཞེས་འབོད། བརླན་ས་ནི་རྒྱལ་སའི་ཐོན་ཁུངས་དང་རང་བྱུང་གི་ཐོན་ཁུངས་གཙོ་བོ་ཡིན་པ་དང་། རི་སྐྱེས་རྩི་ཤིང་དང་རི་སྐྱེས་སྲོག་ཆགས། ལྷག་པར་འདབ་ཆགས་གསོ་མལ་བྱེད་གནས་གལ་ཆེན་ཡིན། རེད་དེ། མི་འབོར་མུ་མཐུད་དུ་ཇེ་མང་ཕྱིན་པ་དང་མིའི་རིགས་ཀྱིས་བརླན་ས་ངོས་ཟིན་ཆ་ཚང་བ་ཞིག་མེད་པའི་དབང་གིས། སྔོག་འདོན་ཡུན་རིང་བྱས་པ་དང་ཆུ་གཏོང་བ། འབག་བཙོག་བཟོས་པ། གཞན་ཐད་དུ་སྤྱད་པ་བཅས་བྱས་ནས་བརླན་སར་གཏོར་བརླག་ཕོག་པ་དང་། གསར་སྤེལ་བཀོལ་སྤྱོད་ལུགས་དང་མི་མཐུན་པའི་སྒོ་ནས་བརླན་སའི་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་པ་དང་།འཛམ་གླིང་ཡོངས་ཀྱི་བརླན་ས་ཕྱེད་ལྷག་མེད་པར་གྱུར་ཟིན་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཀྱང་མེད་པར་གྱུར། བྱེད་ལས་དང་ཕན་ནུས་ཀྱང་རིམ་བཞིན་ཉམས་པ་དང་། བརླན་སའི་ཐོག་གི་སྐྱེ་འཚོ་གནས་ལ་འཇིག་ཉེན་ཚབས་ཆེན་ཐེབས་ཤིང་། མིའི་རིགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལ་ཚོད་འཛིན་ཐེབས་པ་རེད། བརླན་སར་སྲུང་སྐྱོབ་བྱེད་པ་དང་སླར་གསོ་བྱེད་པ། དེ་ལུགས་མཐུན་གྱིས་བཀོལ་སྤྱོད་བྱེད་པ་ནི་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་པའི་བརྗོད་བྱར་གྱུར།ཁྱད་པར་དུ་ཆུ་ལོག་ཆེན་པོ་བྱུང་བ་དང་འདབ་ཆགས་གང་མང་ཞིག་འཇིག་ལ་ཉེ་བའི་དོན་དངོས་ཀྱིས་སྲིད་གཞུང་དང་། མང་ཚོགས། ཚན་རིག་ཞིབ་འཇུག་མི་སྣ་བཅས་ཀྱི་སྲུང་སྐྱོང་དང་སླར་གསོའི་འདུ་ཤེས་སྔར་ས་ཇེ་དྲག་ཏུ་བཏང་བ་རེད།དང་པོ། སྐྱེ་ནུས་ཉམས་པའི་ནེའུ་གསིང་སླར་གསོ་བྱེད་པའི་རྩ་དོན།
1.ནེའུ་གསིང་གི་སྐྱེ་ཁམས་བརྒྱུད་རིམ་ལ་བརྩི་སྲུང་བྱེད་དགོས།
2.རང་བྱུང་ཐོན་ཁུངས་གང་ལེགས་བེད་སྤྱོད་གཏང་དགོས།
3.སྐྱེ་ཁམས་མ་ལག་གིས་རང་བྱུང་གནོད་འཚེ་འགོག་ཐུབ་དགོས།
4.ནེའུ་གསིང་གི་སྐྱེ་ཁམས་མ་ལག་ལ་བྱེད་ནུས་གང་མང་ལྡན།
5.ནེའུ་གསིང་ནི་རྩྭ་ཐང་དང་ཆུ་ཡི་བར་བརྒལ་ཁུལ་ཡིན། དེའི་སྐྱེ་ཁམས་སྤེལ་འབྲེལ་ཁུལ་གྱི་ཁྱད་ཆོས་ལ་བསམ་བློ་གཏོང་དགོས།
6.སྐྱེ་ཁམས་མ་ལག་གི་བྱེད་ནུས་ལ་དོ་སྣང་བྱེད་དགོས་པ་ལས། རྣམ་པའི་ཐོག་ནས་སླར་གསོ་དང་བསྐྱར་བསྐྲུན་བྱེད་དགོས་པ་མ་ཡིན།7.ས་བོན་གཞན་པ་ནང་འཛུལ་བྱེད་པ་དང་སྐྱེ་དངོས་ཤི་བ་ནི་སླར་གསོ་དང་བསྐྱར་བསྐྲུན་བྱེད་པའི་གོ་རིམ་ནང་དུས་རྒྱུན་རིག་པའི་ནད་རྟགས་ཡིན།
8.དུས་ཚོད་འདང་ངེས་ཤིག་དགོས།སྐྱེ་ཁམས་མ་ལག་མཐུན་སྦྱོར་དང་སྐྱེ་དངོས་གཏན་སྡོད་བྱེད་ནུས་མངོན་འགྱུར་བྱེད་པ་བཅས་སྐྱེ་ཁམས་གོ་རིམ་གྱི་འཛུགས་བསྐྲུན་བྱེད་པ་དང་འཕེལ་རྒྱས་གཏོང་བ་ལ་དུས་ཚོད་འདང་ངེས་ཤིག་དགོས་ལ། དེས་ཉིན་ཁ་ཤས་ཀྱི་ནང་དུ་ནུས་པ་འདོན་པའི་རེ་བ་བཅངས་མི་ཉན།
9.རང་བྱུང་མ་ལག་གི་རྣམ་པ་དང་སྐྱེ་དངོས་མ་ལག་གི་ཁྱབ་སྟངས་རྣམ་པ་ལ་ལད་ཟློས་བྱེད་དགོས།བརླན་སའི་སྐྱེ་དངོས་མ་ལག་གི་རྣམ་པ་དང་སྐྱེ་དངོས་ཀྱི་ཁྱབ་སྟངས་བཟོ་འགོད་བྱེད་པ་ལས། སྟབས་བདེ་བའི་གྲུ་བཞི་ནར་དབྱིབས་དང་སྒོར་དབྱིབས་བཅས་ཀྱི་ཁྱབ་སྟངས་རྣམ་པ་མིན།
གཉིས་པ། སྐྱེ་ནུས་ཉམས་པའི་ནེའུ་གསིང་སླར་གསོ་དང་བསྐྱར་བསྐྲུན་བྱེད་པའི་ལག་རྩལ།
1.དམིགས་འབེན་འཆར་འགོད་གཏན་འབེབས།
2.ས་གནས་གདམ་གསེས་དང་རྒྱབ་ལྗོངས་བརྟག་བཤེར།
3.སླར་གསོ་དང་བསྐྱར་བསྐྲུན་གྱི་ལས་གཞི་བཟོ་འགོད།བརླན་ས་སླར་གསོ་དང་བསྐྱར་བསྐྲུན་བྱེད་པ་ནི་ལག་རྩལ་གྱི་གནད་དོན་རྐྱང་རྐྱང་ཞིག་མ་ཡིན་པར། ཁྱད་པར་དུ་ཉེར་སྤྱོད་སྐྱེ་ཁམས་ཚན་རིག་གི་བ་ཚན་ཞིག་ཡིན། དེ་ལ་བརླན་སའི་ཚན་རིག་དང་སྐྱེ་ཁམས་ཀྱི་ཚན་རིག་གཞུང་ལུགས་ཀྱིས་མཛུབ་སྟོན་བྱས་པའི་སྐྱེ་ཁམས་ལག་རྩལ་དགོས།
4.སྐྱེ་དངོས་ཁྱུ་ཚོགས་བཅོས་བཟོ་དང་གསར་འཛུགས།
5.ལས་གཞིའི་ཞིབ་བཤེར་རྩིས་ལེན་ཚུར་བསྡུ་དང་། གདེང་འཇོག །ལེགས་བཅོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1