ཁ་མའེ་ལུང་གིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་སྐབས་གཡང་མོ་ལུག་གི་ལོ་ནི་དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་མཚོན་ན་རྫོགས་ལྡན་དུས་ཤིག་ཡིན་ཞེས་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


          སྤྱི་ཟླ་2པའི་ཚེས་14ཉིན། ཀྲུང་གོའི་ལུགས་རྙིང་སོ་སར་ཏེ་གཡང་མོ་ལུག་གི་ལོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུང་གིས་《ཡོ་རོབ་གླིང་གི་དུས་རབས་ཚགས་པར།》བརྒྱུད་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད་ཅིང་། ཁོང་གིས། ངས་འདི་ནས་དབྱིན་ཇི་དང་ཀྲུང་གོ དེ་བཞིན་འཛམ་གླིང་ས་ཆ་སོ་སོ་ན་ཀྲུང་གོའི་ལོ་སར་ལ་རྟེན་འབྲེལ་ཞུ་བཞིན་པའི་གྲོགས་པོ་ཚང་མར་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས།

         ཁ་མེ་ལུང་གིས། གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་དུས་བཟང་འདིར། ང་ཚོས་འདས་ཟིན་པའི་ལོ་དེར་ཕྱིར་དྲན་བྱས་ཤིང་། སླེབས་ལ་ཉེ་བའི་ལོ་སར་ལ་རེ་ལྟོས་ཀྱིས་ཁེངས་ཡོད། ཀྲུང་གོའི་གཡང་མོ་ལུག་གི་ལོ་འདི་ནི་དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་མཚོན་ན་རྫོགས་ལྡན་གྱི་དུས་ཤིག་ཡིན་ཞེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1