སི་ཁྲོན་ཞིང་ཆེན་གྱིས་ཇ་སྟོན་ཚོགས་འདུ་འཚོགས་ཏེ་བོད་ཤིང་ལུག་ལོའི་ལོ་སར་བསུས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-28


      2015ལོའི་སྤྱི་ཟླ་2པའི་ཚེས་13ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཁྲེན་ཏུའུ་རུ་བོད་ཤིང་ལུག་ལོའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཁྲེན་ཏུའུ་རུ་གནས་སྡོད་བོད་རིགས་སྤུན་ཟླ་ཁག་ཅིག་དང་མཉམ་འཛོམས་ཐོག་མཛའ་བརྩེའི་གླེང་མོལ་གནང་བ་བརྒྱུད། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ལྟ་བ་གཅིག་གྱུར་བྱུང་ཡོད།

     ཞིང་དཔོན་གཞོན་པ་ཆུས་མུའུ་ཧྲི་ཧ་ཡིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་སར་གྱི་འཚམས་འདྲི་གནང་ཡོད་ལ། ཁོང་གིས། ལོ་གསར་པའི་ནང་། སི་ཁྲོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས། བློ་ཐག་རྦད་ཆོད་ཀྱིས་རང་ཞིང་གི་བོད་ཁུལ་གྱི་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་སི་ཁྲོན་བོད་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བྱ་རྒྱུ་ཡིན་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1