རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པས་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-09



           འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། གྲོང་ཚོའི(གྲོང་ལྷན)ཨུ་ལྷན་གཉིས། ཧྲུའུ་ཅི་དང་པོ་བཅས་ཀྱིས་གཅིག་སྡུད་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་ལྟ་ཉན་བྱེད་བཞིན་པ།
           ཟླ་3ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་རེད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་འགོ་ཚུཌ་ཚོགས་འདུའི་ཐད་གཏོང་ལྟ་ཉན་བྱས་པས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
           ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་། དྲ་རྒྱ། རླུང་འཕྲིན་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་འགོ་ཚུགས་ཚོགས་འདུའི་གནས་ཚུལ་དུས་ཐོག་ཏུ་ལྟ་ཉན་བྱས་པ་རེད། འོ་བརྒྱལ་ཐང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཀྱིས་ཐད་གཏོང་བལྟས་རྗེས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“གཞི་རིམ་སྡེ་ཁུལ་གྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ངེས་པར་དུ་མཐའ་འཁྱོངས་བྱས་ནས‘ལམ་གཉིས’ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཡག་པོ་བཏང་སྟེ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་པའི་ལག་ལེན་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་ཏང་དང་མི་དམངས་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
           ཇོ་མོ་གླང་མའི་འདབས་ཀྱི་གཞིས་རྩེ་གྲོང་ཁྱེར་དུ་ལས་ཁུངས་དང་། ཚན་པ། གྲོང་གསེབ། འབྲོག་ཁུལ་བཅས་ཚང་མར་བརྙན་འཕྲིན་དང་ལག་ཐོགས་ཁ་པར་བཅས“ཡན་ལག་ཚོགས་ར”ཆུང་ཆུང་ཞིག་ཏུ་གྱུར་ཡོད། ཚང་མས་འགྱུར་ལྡོག་གསར་པ་དང་འཚོ་བ་གསར་པའི་སྐོར་གླེང་མོལ་འཁྲུག་པོ་བྱས་པ་དང་དམིགས་ཚད་གསར་པ་དང་རེ་སྒུག་གསར་པ་ལྷུག་པོར་གླེང་སྟེ་མེས་རྒྱལ་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་ལ་རྒྱང་ལྟ་བྱས་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། དིང་རི་རྫོང་བཀྲ་ཤིས་སྒང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཀྱིས“ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། མེས་རྒྱལ་གྱི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ནུས་ཤུགས་ཡོད་རྒུས་གཞི་རིམ་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། གྲོང་ཚོའི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
           2021ལོའི་ཟླ་12ཚེས་17ཉིན་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་དང་པོ་སྟེ“ཐའེ་ཀྲའོ་གྲོང་ཚོའི་གྲོང་གསེབ་བདེ་སྐྱིད་ཁང”ཞེས་པ་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོར་སྒོ་བྱང་བཀལ་བ་དང་དེ་ལས་ཉིང་ཁྲི་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གྲོང་གསེབ་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་སྐྲུན་འགོ་ཚུགས་པ་མཚོན་ཡོད། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ལས་བྱེད་པ་ལི་ཧྥེ་ཡིས“འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་དོ་ཁུར་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་གནང་ཡོད། གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཕྱོགས་མང་པོ་ནས་མ་དངུལ་བརྩོན་ལེན་བྱས་ཏེ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་18བཙུགས་ནས་རྒན་རྒོན་གྱི་གཏོགས་སེམས་དང་། སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་ཆེ་རུ་ཏན་ཏིག་གཏོང་རྩིས་ཡོད”ཅེས་བརྗོད་པ་རེད།
           “རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་བལྟས་རྗེས་རང་ཉིད་ལ་མྱོང་ཚོར་ཆེན་པོ་བྱུང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་གྲངས་གཞི་ཁག་ཚང་མ་ནས་ཏང་ཀྲུང་དབྱང་གིས་མི་དམངས་མང་ཚོགས་ལ་སེམས་ཁུར་ཚད་མེད་གནང་གི་ཡོད་པ་མཚོན་ཐུབ། གོམ་སྟབས་རྗེས་མར་ངས་རང་འཁྲིའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གསར་འགྱུར་དྲིལ་བསྒྲགས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ཟུང་འབྲེལ་བྱས་ནས་དྲང་ནུས་དེ་ལྷ་རིའི་ས་གཞི་ཆེ་མོར་ཁྱབ་གདལ་གཏོང་རྒྱུ་ཡིན”ཞེས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་བརྙན་འཕྲིན་ལས་ཁུངས་ཀྱི་བསོད་ནམས་ཀྱིས་བརྗོད།
           མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་རོན་ཧྲི་ཧན་གྱིས“ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས་ང་ཚོར་རླབས་ཆེན་དང་ཕུལ་བྱུང་གི་གྲུབ་འབྲས་དེ་ལྟ་བུ་ཐོབ་པར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག རིག་གནས་དྲིལ་བསྒྲགས་བྱེད་མཁན་ལས་བྱེད་པ་ཞིག་ཡིན་པའི་ང་ཚོས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་ས་ཁུལ་ཡོངས་ཀྱིས‘འཛུགས་གཏོད་བཞིར’སྐུལ་འདེད་ཤུགས་ཆེན་གཏོང་བ་དང‘མདུན་གྲལ་དུ་སླེབས་པ་བཞི’ཧུར་ཐག་བྱེད་ཐུབ་པའི་ཆེད་དུ་ལེགས་སྐྱེས་འབུལ་བར་འབད་བརྩོན་བྱེད་དགོས”ཞེས་བརྗོད་པ་རེད།
           ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོའུ(ཁེ་ལས་མཛུབ་ཁྲིད་ཁོའུ)ཡི་ཁོའོ་ཀྲང་མོ་ཁོ་དབྱང་གིས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་འཚོ་དང་། དམངས་འདོད། དམངས་ཀྱི་གནས་ཚུལ་བཅས་གཙོ་གནད་དུ་བཟུང་སྟེ་འཕར་རྒྱུ་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་བཅས་ཀྱི་དམིགས་ཚད་དང་བྱ་ཐབས་རབ་དང་རིམ་པ་བཟོས་པ་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གང་ལེགས་མཚོན་པ་དང་། ང་ཚོས་ལོ་ཧྲིལ་པོའི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ་གཞི་འཛིན་སའང་མཁོ་འདོན་བྱས་ཡོད། ང་ཚོས་སླད་ཕྱིན་གྱི་ལས་ཀའི་ནང་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་ནས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་དམིགས་ཚད་ལས་འགན་ཁག་ཧུར་ཐག་སྒྲུབ་རིང་མདུན་གྲལ་དུ་སྐྱོད་པ་དང་། མིག་དཔེ་འདོན་པ། གདོང་ལེན་པ་བྱེད་པ་བཅས་བྱས་ནས་ཆབ་མདོའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས”ཞེས་བརྗོད་པ་རེད།
           ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་གི་ཤང་ཀྲང་ཐའོ་ཞུའོ་ཧྲི་ཡིས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2022ལོར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་གསར་དུ་ལས་ཞུགས་ཐུབ་རྒྱུ་ཡིན་པ་བཏོན་ཡོད། ང་ཚོས་ཏང་གི་ལས་ཞུགས་སྲིད་ཇུས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རྗེས་ལུས་ཀྱི་བསམ་བློ་དང་ལྟ་བ་དོར་ནས་རང་འགུལ་ངང་ལས་ཞུགས་ཧུར་ཐག་དང་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གཏོད་དགོས་པ་མ་ཟད། ཞིང་འབྲོག་མང་ཚོགས་ལ་གསོ་སྦྱོང་གི་གོ་སྐབས་བརྩོན་ལེན་ཧུར་ཐག་བྱས་ནས་ཞིང་འབྲོག་མང་ཚོགས་ཚོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ཏེ་ལས་ཞུགས་འབབ་འཕར་ཡོང་བ་བྱེད་དགོས”ཞེས་བརྗོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1