ཀླུ་མོ་འཚོས་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-10


        2022ལོའི་འཛམ་གླིང་འགྲོ་རྩལ་ཚོགས་པའི་གཟེངས་རྟགས་འགྲན་བསྡུར་གྱི་དར་མའི་ཚན་ཁག་གི་སྐྱེས་པ་དང་བུད་མེད་ཀྱི་སྤྱི་ལེ35ཡི་འགྲོ་རྩལ་འགྲན་བསྡུར་དེ་ཨ་མན་མ་སི་ཁ་ཐི་ནས་དུས་མཉམ་ངང་སྤེལ་བ་རེད།

ཀླུ་མོ་འཚོས་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས།

ཀླུ་མོ་འཚོའི་སྤྱི་ལེ35ཡི་འགྲོ་རྩལ་འགྲན་ཞུགས་ཁྲོད་ཀྱི་རྣམ་པ།

        བུད་མེད་ཚན་ཁག་གི་འགྲན་བསྡུར་ཁྲོད། ཀྲུང་གོའི་ལུས་རྩལ་པ་ཀླུ་མོ་འཚོས་ཆུ་ཚོད2དང་སྐར་མ50སྐར་ཆ26གི་གྲུབ་འབྲས་ཀྱིས་ཨང་གཉིས་པ་བླངས་ནས་མི་སྒེར་གྱི་དངུལ་གྱི་རྟགས་མ་ཐོབ། གྲུབ་འབྲས་འདིས་རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད། ཨའོ་ཀྭ་ཏའོ་ཨར་གྱི་ལུས་རྩལ་པ་མའོ་ལེ་ཁྱུང་གིས་ཆུ་ཚོད2དང་སྐར་མ48སྐར་ཆ33ཡིས་ཟིན་ཐོ་བསྐྲུན་ནས་ཨང་དང་པོ་བླངས། 

ཀླུ་མོ་འཚོས་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས།

ཟླ3པའི་ཚེས5ཉིན། ཀྲུང་གོའི་ལུས་རྩལ་པ་པའེ་ཞུའེ་དབྱིན་གྱིས་འགྲན་བསྡུར་བྱེད་བཞིན་པ། 

ཀླུ་མོ་འཚོས་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས།

        ཀླུ་མོ་འཚོ(མཚོ་སྔོན་ཞོན་ཧྭ)དང་མ་ཧྥ་དབྱི(མཚོ་སྔོན་ཞོན་ཧྭ)། པའེ་ཞུའེ་དབྱིན། ཝུའུ་ཆོན་མིང་དང་ཀའོ་ན་ཁྲའོ་བཅས་ཀྱིས་གྲུབ་པའི་ཀྲུང་གོའི་འགྲོ་རྩལ་བུད་མེད་རུ་ཁག་གིས་སྤྱི་ལེ35ཡི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1