འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱི་སེམས་གཏམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-10



          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ལ་ཡུལ་མི་ཚོས་སྙིང་ཉེ་བའི་སྒོ་ནས“བདེ་སྐྱིད་ཀྱི་ཕུགས་འདུན་སྲུང་མཁན”ཞེས་འབོད་བཞིན་ཡོད།  
          སྐལ་བཟང་བདེ་སྐྱིད་དགེ་རྒན་བྱས་ནས་ལོ20འགོར་བའི་རིང་ལ། ལོ5ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁུར་བ་དང་། ཁོང་མོས་ཐོག་མཐའ་བར་གསུམ་དུ་གཞི་རིམ་སློབ་གསོའི་འཕེལ་རྒྱས་ཀྱི་ཆེད་དུ་འབོད་སྐུལ་བྱས་པ་སྟེ། གཞི་རིམ་གྱི་དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། དགེ་རྒན་ཆེད་ལས་ཅན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐག་རིང་ལུང་ཁུག་གི་གྲོང་ཚོའི་སློབ་ཞུགས་གོང་གི་སློབ་གསོར་མཐོང་ཆེན་བྱེད་པ་སོགས་ལོ་ལྔའི་རིང་ཁོང་མོས་ཕུལ་བའི་བསམ་འཆར་དང་གྲོས་འགོ་དག་གཞི་རྩའི་ཆ་ནས་ཁོང་མོ་རང་ཉིད་དགའ་ཞེན་ཆེ་བའི་སློབ་གསོའི་བྱ་གཞག་དང་འབྲེལ་བ་ཡོད།
          སྐལ་བཟང་བདེ་སྐྱིད་ཀྱིས་བརྗོད་དོན། ཆེས་བདེ་སྐྱིད་ལྡན་པའི་བྱ་བ་ནི་ཐོག་མའི་བསམ་འདུན་ལ་བློ་དཀར་སེམས་དཀར་བྱེད་པ་སྟེ། ཕྲུ་གུ་ཚང་མར་སློབ་གསོ་ཡག་པོ་མྱོང་དུ་འཇུག་པ་དང་གསོ་སྐྱོང་ཡག་པོ་བྱ་རྒྱུ་དེ་ཡིན།  དཔའ་ངར་ཆེ་ཞིང་དོན་དངོས་དང་བསྟུན་པའི་མི་ཞིག་བྱེད་པ་དང་། ཕལ་བ་ཡིན་རུང་སྤྱིར་བཏང་མ་ཡིན་པ་ཞིག་བྱེད་པ། འདི་ནི་དུས་རབས་གསར་པར་འཚོ་བའི་སྐལ་བཟང་བདེ་སྐྱིད་ཀྱི་བདེ་སྐྱིད་ལྡན་པའི་བསམ་འདུན་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1