ཕུ་མ་གཡུ་མཚོའི་འགྲམ་གྱི་ལུག་ཁྱུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-14



   བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོ་ནི་ཆ་སྙོམས་ས་བབ་སྨི་5070ཙམ་ཟིན་ཞིང་། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་གྲོང་ཚོའི་གྲས་ཤིག་ཡིན་པ་དང་། འབྲོག་ལས་གཙོ་བོར་བྱེད་ཀྱི་ཡོད། ས་བབ་མཐོ་བ་དང་དབྱར་དུས་ཐུང་བར་བརྟེན། མཐུད་བ་གྲོང་ཚོའི་རྩྭ་ཐང་གིས་ལུག་ཁྱུ་རྣམས་ལ་དགུན་སྒྲོལ་གྱི་གཟན་ཆས་འདང་ངེས་མཁོ་འདོན་བྱེད་མི་ཐུབ་པས། “ལྷ་མོའི་མིག་ཆུ”ཞེས་འབོད་པའི་ཕུ་མ་གཡུ་མཚོའི་མཚོ་དཀྱིལ་གླིང་ཕྲན་དུ་རྩྭ་ཆུ་བཟང་ལ་འདང་ངེས་ཡོད། དེར་བརྟེན་ལོ་ལྟར་ས་མཐོར་གྲང་ངར་ཆེ་ཤོས་ཀྱི་དུས་སུ་མཐུད་བ་གྲོང་ཚོའི་འབྲོག་པས་ལུག་ཁྱུ་མཚོ་དཀྱིལ་གླིང་ཕྲན་དུ་དེད་པ་དང་། གྲང་ངར་ཆེ་ཤོས་ཀྱི་དགུན་སྒྲོལ་བྱེད་ཀྱི་ཡོད། དཔྱིད་ཀ་སླེབས་ནས་མཚོ་དར་མ་ཞུ་གོང་དུ། ལུག་ཁྱུ་ཕྱིར་དེད་ནས་དཔྱིད་ཀར་བསུ་བ་རེད། ཉེ་ཆར། མཚོ་དར་ཞུ་ཉེ་བའི་སྐབས་འདིར། གྲོང་ཚོའི་ནང་གི་མང་ཚོགས་ཀྱིས་ལུག་ཕྱིར་དེད་པ་རེད། 










དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1