ཨུ་རུ་སི་ཡིས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་སོགས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-17


        ཞིན་ཧྭ་གསར་འགྱུར་ཁངགི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་སོགས་ཨ་མེ་རི་ཁའི་ཆབ་སྲིད་མགོ་ཁྲིད་པ་མི་སྒེར་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར། 
        བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་མི་སྒེར་ལ་དམིགས་པའལ་བཀག་སྡོམ་མིང་ཐོའི་ནང་བསྡོམས་པས་མི་བཅུ་གསུམ་འདུས། པེད་ཏིན་ལས་གཞན་ད་རུང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་། རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་སོགས་ཀྱང་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་མ་འོངས་པའི་དུས་ཡུན་ཐུང་ངུའི་ནང་བཀག་སྡོམ་མིང་ཐོ་རྒྱ་བསྐྱེད་རྒྱུ་ཡིན་ལ། ཨུ་རུ་སིར་ངོ་རྒོལ་གྱི་ལངས་ཕྱོགས་འཛིན་པ་དང་ཨུ་རུ་སིར་རྒོལ་བའི་བྱ་སྤྱོད་ལ་སྐུལ་མ་གཏོང་མཁན། ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་སྤྱོད་པའི་འདོད་བློ་འདོན་མཁན་གྱི་ཨ་མེ་རི་ཁའི་མཐོ་རིམ་དཔོན་པོ་དང་དམག་མི། ཁྲིམས་འཛུགས་མཁན། ཁེ་ལས་པ། ཆེད་མཁས་པ། སྨྱན་བྱད་མི་སྣ་བཅས་ཀྱང་བཀག་སྡོམ་གྱི་མིང་ཐོའི་ནང་འཇོག་རྒྱུ་ཡིན་ཟེར། 
        ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་འཕྲིན་ལམ་དང་པོ་ནས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ནུབ་ཕྱོགས་ཀྱི་བཀག་སྡོམ་ལ་རྒོལ་བའི་གསལ་ཁྲ་ཞིག་གྲ་སྒྲིག་བྱས་ཡོད་པ་དང་ཉེ་ལམ་འབྲེལ་ཡོད་ཀྱི་ནང་དོན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1