ཡུལ་ཤུལ་ནས་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་བྲག་བརྐོས་རི་མོ་སྐོར་ཞིག་རྙེད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-21



        ཟླ་3ཚེས་17ཉིན། གསར་འགོད་པས་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་ཡུལ་ཤུལ་གྲོང་ཁྱེར་འབྲོང་མདའ་ཤང་དེ་མདའ་གྲོང་ཚོ་ནས་ད་བར་ཡུལ་ཤུལ་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་བྲག་བརྐོས་རི་མོ་སྐོར་ཞིག་རྙེད་ཡོད་པར་ཁ་གྲངས་208ཡོད་ཅིང་། ཚངས་ཐིག་ལ་སྨི་གྲུ་བཞི་མ་20ཟིན་པའི་བྲག་རིའི་ངོས་སུ་ཁྱབ་པའི་རི་མོ་མང་པོ་མཐོང་རྒྱུ་ཡོད་པ་དེ་དག་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། འདི་ནི་ཟླ་3ཚེས་14ཉིན་བརྟག་དཔྱད་མི་སྣས་ད་ཐེངས་ཤེས་རྟོགས་བྱུང་བའི་ས་དོང་གི་རི་མོ་སྐོར་ཞིག་ཚད་ལེན་བྱེད་བཞིན་ཡོད་པ་རེད།    








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1