ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཝེ་ལེམ་ལ་མཇལ་འཕྲད་གནང་ནས་རྐང་གྲུག་གི་ཁྱབ་ཁོངས་སུ་མཉམ་འབྲེལ་བྱ་རྒྱུའི་སྐོར་གསུངས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-03


           སྤྱི་ཟླ་3པའི་ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་པོའི་ནང་དུ་དབྱིན་ཇིའི་ཁེམ་བྷིར་ཇི་གོང་རིམ་གྱི་མཚན་ཐོབ་རྒྱལ་སྲས་ཝེ་ལེམ་དང་མཇལ་འཕྲད་གནང་།

           ཞི་ཅིན་ཕིང་གིས་ཐོག་མར་ཝེ་ལེམ་རྒྱལ་སྲས་ཀྲུང་གོ་རུ་ཕེབས་པར་དགའ་བསུ་ཞུས་ཤིང་། རྒྱལ་སྲས་ཝེ་ལེམ་བརྒྱུད་དབྱི་ལི་ཧྲ་པེ་རྒྱལ་མོ་སྐུ་ཕྲེང་གཉིས་པར་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་པ་དང་སྦྲགས། ལོ་འདིའི་ནང་དབྱིན་ཇིའི་དབུ་ཁྲིད་མི་སྣ་ཁག་དང་མཉམ་དུ་མ་འོངས་པའི་ཀྲུང་དབྱིན་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བྱ་རྒྱུར་རེ་ལྟོས་བྱས་ཡོད་ཅེས་བསྟན།

           ཞི་ཅིན་ཕིང་གིས། ཀྲུང་དབྱིན་རྒྱལ་ཁབ་གཉིས་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་གཉིས་ཡིན་པས། རྒྱལ་ཁབ་གཉིས་པོར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་མོ་ཡང་ཡོད། མིག་སྔར། ཀྲུང་དབྱིན་ཕྱོགས་གཉིས་ཀྱི་འབྲེལ་བ་ཧ་ཅང་ཡག་པོ་བྱུང་ཡོད་ཅིང་། ཀྲུང་དབྱིན་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་འཕེལ་རྒྱས་བྱུང་བ་ཤིན་ཏུ་བཟང་། ཕྱོགས་གཉིས་ཀྱི་ཚོང་དོན་གྲངས་ཚད་ཨ་སྒོར་དུང་ཕྱུར་800ལས་བརྒལ་ཡོད་ཅིང་། དབྱིན་ཇི་ཡང་ཀྲུང་གོའི་དངུལ་འཇོག་གཙོ་བོའི་རྒྱལ་ཁབ་ཅིག་ཡིན་ཏེ། དངུལ་བསྲེས་དང་། ཉིང་རྡུལ་གློག་འདོན་ས་ཚིགས། མྱུར་བགྲོད་ལྕགས་ལམ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་འབྲེལ་གྱི་འཕེལ་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་ནན་གྱིས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1