ཡུལ་ཤུལ་དུ་ཕྱུགས་ཀྱི་འཕེལ་ཁ་དར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-25


    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གིས་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཚད་ལྡན་ཅན་གྱི་འབྲི་གཡག་གསོ་ཚགས་རྟེན་གཞི་ཁག་19བསྐྲུན་པ་དང་། ཡུལ་དེའི་འབྲོག་པས་རང་ཁྱིམ་གྱི་འབྲི་གཡག་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས། མཉམ་ལས་ཁང་གི་འབྲི་གཡག་གསོ་ཚགས་རྟེན་གཞིར་གཅིག་སྡུད་གསོ་ཚགས་བྱས་པ་རེད། གསོ་ཚགས་ཆ་རྐྱེན་དང་གསོ་ཚགས་ལག་རྩལ་ལེགས་སུ་ཕྱིན་པ་དང་ཆབས་ཅིག  ད་ལོ་ནས་བཟུང་། ཕྱུགས་བཙའ་བའི་ནམ་དུས་སྔ་སྣུར་གྱིས་ཤར་བ་དང་བཙའ་གྲངས་ཇེ་མང་དུ་ཕྱིན་ཡོད། 







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1