ཉི་ཤར་གྱི་རྫ་ནག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 03-25


        ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་རྫ་ཁོག་བཟོ་རྩལ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བོ་ལྡན་ཏེ། རྫ་བཟོ་བ་དང་རི་མོ་འབྲི་བ། འབུར་བརྐོ་བ། ཚག་བརྐོ་བ། སྲེག་བཟོ། བརྡར་འཐག་སོགས་ཀྱི་ལས་རིམ20ལྷག་ཙམ་བརྒྱུད་ནས་གྲུབ་པ་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ནང་ཚུད་ཡོད། དེ་ལ་དངོས་སྤྱོད་རང་བཞིན་དང་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་པ་རེད།


        ཉེ་བའི་ལོ་འགའི་རིང་ལ། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”སྐད་གྲགས་ཆོད་ཚད་མུ་མཐུད་དུ་རྒྱ་ཁྱབ་དུ་སོང་བ་དང་བསྟུད་ནས། ཡུལ་སྐོར་བ་སྔར་ལས་མང་བ་ཐང་སྟོད་གྲོང་ཚོར་སོང་ནས་རྫ་ནག་བཟོ་རྒྱུ་ཉམས་ལེན་བྱེད་ཀྱིན་ཡོད་པ་དང་། ཉི་ཤར་ཤང་གི་རྫ་ནག་བཟོ་བ་ཡང་རིམ་བཞིན་ཁྱིམ་ཚང་གི་ལས་རའི་ཐོན་སྐྱེད་ནས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ཕྱོགས་སུ་བསྒྱུར་ནས་ཐང་སྟོད་གྲོང་ཚོའི་གྲོང་མིའི་ཕྱུག་འགྱུར་ཐོན་ལས་ཤིག་ཏུ་གྱུར་ཡོད་པ་མ་ཟད། སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུའང་གྱུར་ཡོད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1