ཚྭ་འདམ་གཤོང་སར“ཕྱུག་འགྱུར”མེ་ཏོག་བཞད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-28


འདི་ནི་ཟླ་3ཚེས་23ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཁ་ལུ་ཁ་གྲོང་རྡལ་ནས་པར་བླངས་པའི་ཁ་ཆེ་ཤ་སྐམ་འདེབས་འཛུགས་དྲོད་ཁང་ཆེ་མོ་ཡིན་པ།

     ཁ་ཆེ་ཤ་སྐམ་ནི་སྨན་དང་བཟའ་བཅའ་ཁུངས་གཅིག་གི་ཁྱད་ལྡན་རྩི་ཤིང་ཞིག་རེད་ལ། མཚོ་བོད་ས་མཐོའི་ཁྱད་ལྡན་ཐོན་རྫས་ཤིག་ཀྱང་རེད། མཚོ་སྔོན་མཚོ་ནུབ་ཀྲོའུ་རུ་ཁ་ཆེ་ཤ་སྐམ་ཡག་པོ་འདེབས་ཆེད་ཚན་ཞིབ་དཔུང་ཁག་གིས་དྲོད་ཁྱད་དང་། རླུང་འགྲོ། ཉི་འོད་འཕྲོ་བ། མེ་ཏོག་སྐམ་པ་སོགས་ཀྱི་དཔྱད་གྲངས་ལེགས་སྒྲིག་ཟམ་མི་ཆད་པར་བྱས་པས། བལྟོས་བཅས་ཀྱིས་བརྟན་པོ་ཡོད་པའི་མི་ཐབས་གསོ་སྤེལ་མ་ལག་རིམ་བཞིན་གྲུབ་ནས་ཡུལ་དེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་དང་མང་ཚོགས་ཀྱི་འབབ་འཕར་ལ་ཐབས་ལམ་གསར་པ་བཏོད་ཡོད།


འདི་ནི་ཟླ་3ཚེས་23ཉིན་སྨན་རྩྭ་འདེབས་མཁན་ཞིང་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཁ་ལུ་ཁ་གྲོང་རྡལ་གྱི་ཁ་ཆེ་ཤ་སྐམ་དྲོད་ཁང་ཆེ་མོའི་ནང་རྩྭ་ངན་འཐུ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1