ཁ་སང་ས་ཆ་འདིར་ནད་རྟགས་མེད་པའི་ནད་པ1བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-29


        སྤྱི་ཟླ3པའི་ཚེས28ཉིན། ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་སུ་ཞིང་ཆེན་ཕྱི་ནས་ཁྲེང་ཏུའུ་རུ་ཡོང་བའི་ཏོག་གསར་གློ་ཚད་ཀྱི་ནད་པ1བྱུང་འདུག། གྲོང་ཁྱེར་རིམས་ནད་འགོག་ཟོན་ལྟེ་གནས་ཀྱིས་ཉིང་སྐྱུར་དཔེ་བཤེར་བྱས་པ་ལས་ནད་དུག་ཡོད་པ་དང་། ནད་ཐོག་ཆེད་མཁས་པ་ཚོགས་ཆུང་གིས་བརྟག་དཔྱད་བྱས་པར་བརྒྱུད་ཏོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པའི་ནད་པ་ཡིན་པར་གཏན་འཁེལ་བྱས། མིག་སྔར་གྲོང་ཁྱེར་སྤྱི་པའི་འཕྲོད་བསྟེན་གྱི་ནད་ཐོག་སྨན་བཅོས་ལྟེ་གནས་སུ་ཟུར་བཀར་བྱས་ནས་ལྟ་ཞིབ་བྱེད་བཞིན་ཡོད།
        གྲོང་ཁྱེར་དང་ཆུས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་འཚུབ་བསྟུན་ཐག་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་རིམས་ནད་བརྟག་དཔྱད་དང་མི་སྣ་གྲལ་བཤེར་རྗེས་སྙེག། ཉིང་སྐྱུར་དཔེ་བཤེར་དང་ཟུར་བཀག་དོ་དམ་ཚོད་འཛིན་བཅས་བྱས་པ་དང་། འབྲེལ་བ་བྱ་ཡུལ་དང་ཁོར་ཡུག་དུ་དུག་སེལ་སོགས་ཀྱི་རིམས་འགོག་བྱ་ཐབས་དོན་འཁྱོལ་བྱས་པ་རེད།
        ནད་པ་དེ་ཞིན་ཏུའུ་ཆུས་ཧྲི་པན་ཐན་ཁྲོམ་ལམ་ཧན་ཨེ་སྤྱི་ཁུལ་དུ་བསྡད་ཡོད་ཅིང་། སྤྱི་ཟླ3པའི་ཚེས18ཉིན་ཞིང་ཆེན་ཕྱི་རོལ་ནས་ཁྲེང་ཏུའུ་རུ་ལོག་པ་རེད། སྤྱི་ཟླ3པའི་ཚེས18དང་ཚེས20། ཚེས24ཉིན་གྱི་ཉིང་སྐྱུར་དཔེ་བཤེར་ཐེངས་གསུམ་བྱེད་པ་ལས་ནད་དུག་མེད་པ་རེད།

ཉེ་ཆར་འགྲོ་འོང་བྱེད་ས་གཙོ་བོ་གཤམ་གསལ།
སྤྱི་ཟླ3པའི་ཚེས24ཉིན། ཞིན་ཏུའུ་ཆུས་ལིང་པོ་ནུབ་ལམ་ཨང308པ་དང་ཞིན་ཏུའུ་ཆུས་རུང་ཏུའུ་ལམ་ཆེན་ལྷོ་ལམ་ཨང204པ།
སྤྱི་ཟླ3པའི་ཚེས25ཉིན། ཞིན་ཏུའུ་ཆུས་ལིང་པོ་ནུབ་ལམ་ཨང308པ་དང་ཞིན་ཏུའུ་ཆུས་རུང་ཏུའུ་ལམ་ཆེན་ལྷོ་ལམ་ཨང204པ། ཞིན་ཏུའུ་ཆུས་ཧན་ཨེ་སྤྱི་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང(ཞིན་ཏུའུ་ཆུས་སན་མུའུ་ལམ་དང་མུའུ་ལན་ཁྲོམ་ལམ་ལམ་མདོའི་ཤར་ལྷོའི་སྨི160)
སྤྱི་ཟླ3པའི་ཚེས26ཉིན། ཞིན་ཏུའུ་ཆུས་ཧྲི་པན་ཐན་ཁྲོམ་ལམ་ཧན་ཨེ་སྤྱི་ཁུལ་གྱི་ཚོ་ཁག10པའི་ཀྲང་ཆི་མེ་ཇ་ཁང་།
སྤྱི་ཟླ3པའི་ཚེས27ཉིན། ཞིན་ཏུའུ་ཆུས་ཞིན་ཏུའུ་ཁྲོམ་ལམ་ཀོན་ཏུང་གྲོང་སྡེའི་ཚོ་ཁག2པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1