ཀན་ལྷོའི་གཙོས་གྲོང་ཁྱེར་དུ་ནད་རྟགས་མངོན་མེད་པའི་ནད་པ་1ཐོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-01



     ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་འཛིན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ནས་སྤྱི་བསྒྲགས་སྤེལ་དོན། གཙོས་གྲོང་ཁྱེར་དུ་ཕྱི་ནས་ནང་དུ་འཛུལ་བའི་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་1ཐོན་པར་བརྟེན། གཙོས་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོ་གཞིར་བཟུང་། ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་འཛིན་འགོ་ཁྲིད་ཚོ་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད་གཏན་འཁེལ་བྱས་དོན་གཤམ་གསལ།
     2022ལོའི་ཟླ་3པའི་ཚེས་27ཉིན་གྱི་ཆུ་ཚོད་16ནས་བཟུང་། གཙོས་གྲོང་ཁྱེར་གྱིས་གྲོང་ཁྱེར་ནང་ཁུལ་དུ་གནས་སྐབས་ཀྱི་འགྲིམ་འགྲུལ་བཀག་སྡོམ་བྱ་ཐབས་ལག་བསྟར་བྱས་པ་སྟེ། དམིགས་བསལ་རླངས་འཁོར་དང་། འཕྲལ་སྒྲུབ་རླངས་འཁོར། གཞུང་དོན་རླངས་འཁོར། དངོས་ཟོག་སྡེབ་སྐྱེལ་རླངས་འཁོར་བཅས་ཕུད། འགྲུལ་སྐྱེལ་རླངས་འཁོར་དང་། སྤྱི་སྤྱོད་རླངས་འཁོར། གླ་གཏོང་རླངས་འཁོར། སྒེར་གྱི་རླངས་འཁོར་བཅས་ཚང་མ་འགྲོ་སྐྱོད་བྱེད་མི་ཆོག རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རང་འགུལ་ངང་གྲོང་ཁྱེར་ཧྲིལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་སྤྱི་ཡོངས་ཀྱི་དགོས་མཁོར་གཞིགས་ནས། དགོས་པ་མེད་ན་རླངས་འཁོར་བཏང་ནས་འགྲོ་སྐྱོད་བྱེད་མི་རུང་བ་དང་། རང་འདོད་ལྟར་རླངས་འཁོར་བཏང་ནས་འགྲོ་མཁན་ལ་ཁྲིམས་སྲོལ་ལྟར་འགན་འཁྲི་བདའ་འདེད་བྱེད་རྒྱུ་ཡིན། སླར་གསོའི་ཞིབ་ཕྲའི་དུས་ཚོད་དེ་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་གཞིགས་ཏེ་བརྡ་ཐོ་གཏོང་རྒྱུ་ཡིན་ཞེས་བཤད་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1