《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-06


“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བདུན་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།

        གསུང་རྩོམ་ནང་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ་བཅས་ནི་ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་ཀྱི་སྡོད་མལ་དང་འཚམ་ལ་ལས་རིགས་དང་འཚམ་པ། ཞིང་པ་ཕྱུག་འགྱུར་དང་འབྱོར་ཕྱུག་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།
        གསུང་རྩོམ་ནང་བསྟན་དོན། དངོས་འཛིན་དངོས་སྒྲུབ་ངང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་བལྟས་ན། མི་རིགས་བསྐྱར་དར་ཡོང་བ་བྱེད་པར་གྲོང་གསེབ་ངེས་པར་དུ་དར་རྒྱས་ཡོང་བ་བྱེད་དགོས། “ཞིང་གསུམ”གནད་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་ཚེ། གཞི་ནས་རང་རེའི་ཏང་འདི་དང་། རྒྱལ་ཁབ་འདི། མི་རིགས་འདི་བཅས་དེ་བས་ཤེས་རྟོགས་ཡོང་ཐུབ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་ཡོད་པ་མ་ཟད། རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་རྨང་གཞིའང་སྔར་བཞིན་གྲོང་གསེབ་ཏུ་ཡོད། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ངོས་ནས་བལྟས་ན། ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང“ཞིང་གསུམ”གྱི་རྨང་གཞི་ཡག་པོ་སྲུང་བ་ནི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་པའི“གཏིང་རྡོ”ལྟ་བུ་རེད། “ཞིང་གསུམ”ལེགས་པའི་ཕྱོགས་སུ་སྐྱོད་པར་སྤྱི་ཡོངས་ཀྱི་རང་འགུལ་ལ་རྟེན་དགོས།
        གསུང་རྩོམ་ནང་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་ནི“ཞིང་གསུམ”ལས་དོན་གཙོ་གནད་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་གྲུབ་རྗེས་དབུལ་སྒྲོལ་ཐུབ་པའི་རྫོང་ལ་དབུལ་སྒྲོལ་ཐུབ་པའི་ཉིན་ནས་བཟུང་ལོ་5ཡི་བར་བརྒལ་དུས་ཡུན་སྤྲོད་དགོས། བར་བརྒལ་དུས་ཡུན་རིང་རོགས་སྐྱོར་གྱི་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས།
        གསུང་རྩོམ་ནང་བསྟན་དོན། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། འབྲུ་རིགས་མང་བའམ་ཡང་ན་ཉུང་བ་ནི་འཐབ་ཇུས་ཀྱི་གནད་དོན་ཞིག་དང་འབྲུ་རིགས་ཀྱི་བདེ་འཇགས་ནི་འཐབ་ཇུས་ཀྱི་གནད་དོན་ཞིག་རེད། ལོ་ལྟར་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་བྱས་ནས་འདེབས་ཁྱོན་དང་ཐོན་ཚད་མི་ཆག་པར་བྱེད་དགོས་ལ། མཁོ་སྤྲོད་དང་ཁྲོམ་རར་གནས་ཚུལ་མི་ཐོན་པར་བྱེད་དགོས། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་ནན་པོར་སྲུང་བ་དང་ཆབས་ཅིག་བྱེད་ཐབས་ནན་པོ་སྤྱོད་པ་དང་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་དགོས། ཞིང་ལས་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མཐའ་འཁྱོངས་བྱས་ནས་ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་བའི་འགག་རྩ་ནི་ཞིང་པར་དངུལ་གསོག་རྒྱུ་ཡོད་པ་དེ་རེད། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཁུར་ནས་འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་དགོས།
        གསུང་རྩོམ་ནང་བསྟན་དོན། གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཕན་འབྲས་ཐོན་པར་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གཏིང་ཚད་དང་། ཁྱབ་རྒྱ། དཀའ་ཚེགས་བཅས་ཚང་མ་དབུལ་སྒྲོལ་འགག་སྒྲོལ་ལས་ཆུང་བ་མེད་པས་ངེས་པར་དུ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་ཐབས་དེ་བས་ནུས་ལྡན་དང་སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྒྲིལ་བྱས་ནས་སྐུལ་འདེད་གཏོང་དགོས། གཅིག གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། གཉིས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས། གསུམ། གྲོང་གསེབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། བཞི། གྲོང་གསེབ་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། ལྔ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་དགོས། དྲུག གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། བདུན། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།
        གསུང་རྩོམ་ནང་བསྟན་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་མཛད་ཕྱོགས་དོན་འཁྱོལ་བྱས་ཏེ་ནུས་ཤུགས་དེ་བས་ཆེ་བས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་ཁག་མཐར་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་མི་དང་བྱ་བ་སྒྲུབ་པར་ཐུག་ཡོད། ངེས་པར་དུ་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་སྐྲུན་དགོས། རྒྱ་ཆེའི་ཞིང་པར་རྟེན་པ་དང་། ཞིང་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། ཞིང་པ་སྒྲིག་འཛུགས་དང་སྐུལ་ཁྲིད་བཅས་བྱས་ཏེ་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་འཕེལ་བར་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཞུགས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1