ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-07


ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།
རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། “3·21”ཤར་ཕྱོགས་མཁའ་འགྲུལ་གྱི་MU5735མཁའ་འགྲུལ་ཡོ་བྱད་ཀྱི་འཕུར་སྐྱོད་ལས་འཛོལ་ཐོན་རྗེས། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་སྒྲིག་འཛུགས་བྱས་ཏེ་རྗེས་འཇུག་བཀོད་སྒྲིག་འོས་འཚམ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་འབྲེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་ཀོང་ཤིས་ཝུའུ་ཀྲོའུ་རུ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དང་། ཟླ་3ཚེས་24ཉིན་སླར་ཡང་ཆེད་མངགས་བདེ་འཇགས་ཐོན་སྐྱེད་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཚེས་31ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འཕྲལ་སྡོམ་ཐག་གཅོད་བྱས་ཚུལ་གྱི་སྙན་སེང་གསན་པ། གོམ་སྟབས་རྗེས་མའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
        ཞི་ཅིན་ཕིང་གིས་ཚེས་24ཉིན་གྱི་མཛུབ་སྟོན་གལ་ཆེན་ནང་། ཉེ་བའི་དུས་སྐབས་ཤིག་རིང་འགྲིམ་འགྲུལ་དང་། ཨར་སྐྲུན། རྡོ་སོལ་གཏེར་ཁ་སོགས་ཐད་ཀྱི་བདེ་འཇགས་ལས་འཛོལ་ཐོན་མང་བ་དང་། ལྷག་པར་དུ“3·21”ཤར་ཕྱོགས་མཁའ་འགྲུལ་གྱི་MU5735མཁའ་འགྲུལ་ཡོ་བྱད་ཀྱི་འཕུར་སྐྱོད་ལས་འཛོལ་ཁྲོད་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ནས་ང་ཚོར་སླར་ཡང་ཉེན་བརྡ་བཏང་ཡོད་ཅེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བདེ་འཇགས་ཐོན་སྐྱེད་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་གྱི་འགན་འཁྲི་བདའ་འདེད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་བྱེད་དགོས། དོན་དངོས་ཀྱི་ལས་ཀའི་ཐོག་ནས་བལྟས་ན། ས་གནས་དང་ལས་རིགས་ཁ་ཤས་ཀྱི་བདེ་འཇགས་འགན་འཁྲི་སྔར་བཞིན་ནན་པོ་དང་ཏན་ཏིག་མེད་པ་དང་ལས་ཀའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཐུབ་མེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། འཁྱགས་པ་སྲབ་མོའི་སྟེང་འགྲོ་བ་ལྟ་བུའི་དོགས་ཟོན་ཆེན་པོ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས།  བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་དོན་ཁག་ལེགས་སྒྲུབ་བཅས་བྱ་དགོས་པ་ལས་བག་མེད་ལྷོད་གཡེང་དང་སྣང་ཆུང་གཏན་ནས་བྱེད་མི་རུང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་མི་འཁུར་བ་དང་རང་འཁྲིའི་ལས་འགན་སྣང་མེད་དུ་བཏང་བའི་དབང་གིས་གནད་དོན་ཐོན་ཚེ་ཞིབ་བཤེར་ནན་པོ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རང་གིས་དངོས་སུ་སྒྲུབ་པ་དང་མདུན་ཕྱོགས་སུ་མཐུན་སྦྱོར་བྱེད་དགོས་པ་དང་འགན་འཁུར་བློ་མཐུན་གཞན་དག་གིས་རང་གི་ལས་གནས་ཀྱི་བདེ་འཇགས་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་རིམ་པ་བཞིན་དོན་འཁྱོལ་བྱེད་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། རྒྱལ་ཡོངས་སུ་བདེ་འཇགས་ཞིབ་བཤེར་ཆེ་མོ་གཏིང་ཟབ་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། བྱ་ཐབས་ནུས་ལྡན་སྤྱད་དེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་མེད་པར་བཟོ་བ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བ་དང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། འགན་འཁྲི་གནད་ལ་འཁེལ་བ། བྱ་ཐབས་གནད་ལ་འཁེལ་བ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཉེ་དུས་ཐོན་པའི་བདེ་འཇགས་ཀྱི་ལས་འཛོལ་ལས་བསླབ་བྱ་གཏིང་ཟབ་བླངས་ཏེ་ཟུར་བསྟན་ལེབ་མཐོང་གིས་ཕྱོགས་ཡོངས་ནས་བདེ་འཇགས་ཞིབ་བཤེར་ཆེ་མོ་བྱེད་པ་དང་། བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཆེ་རིགས་དུས་ཐོག་ཏུ་བཅོས་སྒྲིག་བྱེད་པ། གཏེར་རི་དང་། ཉེན་ཡོད་རྫས་འགྱུར་དངོས་རྫས། ཨར་སྐྲུན། འགྲིམ་འགྲུལ། མེ་ཟོན་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ་གཡོ་ཟོལ་སླ་བཅོས་དང་ལས་ཀ་ཡག་པོ་མ་བྱས་པའི་རིགས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
        ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉིན་ཤས་གོང་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ནས་བདེ་འཇགས་ཀྱི་འགན་འཁྲི་ནན་ལ་ཏན་ཏིག་ངང་འཁུར་རྒྱུ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཧོ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་རྒྱལ་དོན་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་དང་ཀྲའོ་ཁེ་ཀྲི་ཚོགས་འདུར་ཞུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1