“དུས་རབས་གསར་པར་འབད་པ་ལྷོད་མེད་ཀྱིས། །སླར་ཡང་སི་ཁྲོན་དེ་བས་འཕེལ་རྒྱས་བསྙེག”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-08



           ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་བསུ་བ་ཞུ་བའི་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ཡག་པོ་བསྒྲུབ་ཆེད། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། “དུས་རབས་གསར་པར་འབད་པ་ལྷོད་མེད་ཀྱིས། །སླར་ཡང་སི་ཁྲོན་དེ་བས་འཕེལ་རྒྱས་བསྙེག”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ཟླ་4ཚེས་7ཉིན་དངོས་སུ་སྤེལ་འགོ་ཚུགས་པ་རེད། 
          ཐེངས་འདིའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ནི།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཕྱོགས་སྟོན།  རིན་ཐང་གི་ཁ་ཕྱོགས་བཅས་ཁོང་དུ་ཆུད་པ་དང་། བརྟན་ཐོག་ཡར་འཕེལ་དང་གསར་གཏོད་ལ་བདེན་པར་ཕྱོགས་པ་མཐའ་འཁྱོངས་བྱས་ཏེ།  གཙོ་གནད་མང་པོར་དམིགས་ནས་དྲིལ་བསྒྲགས་འཕྲིན་སྤེལ་ཡག་པོ་བྱ་དགོས། ཞིང་ཆེན་ཏང་ཨུའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་། ལྷག་པར་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། “གཞུང་གཅིག་ཡན་ལག་མང་པོ།  ཁུལ་ལྔས་མཐུན་སྦྱོར་མཉམ་སྒྲུབ”དང་“ཕྱོགས་བཞིའི་རྒྱ་བསྐྱེད།  ས་ཁོངས་ཧྲིལ་པོའི་སྒོ་འབྱེད”འཐབ་ཇུས་བཀོད་སྒྲིག་ལག་བསྟར་ཤུགས་ཆེན་བྱས་ནས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།  རང་རེའི་ཞིང་ཆེན་གྱིས་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་། “5+1”དེང་རབས་བཟོ་ལས་མ་ལག་དང་། “10+3”དེང་རབས་ཀྱི་ཞིང་ལས་མ་ལག  །“4+6”དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་བཅས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་།  སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།  དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་པ། ཞིང་ཆེན་ཏང་ཨུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཁྱོན་ཡོངས་ནས་མངོན་པ་བཅས་དྲིལ་བསྒྲགས་ཡག་པོ་བྱ་དགོས་པར་མ་ཟད། རང་རེའི་ཞིང་ཆེན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་། ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ། སློབ་གསོ།  འཕྲོད་བསྟེན།  རིག་གནས། ལུས་རྩལ་སོགས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བྱེད་པའི་དམངས་འཚོའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་པ། སྤྱི་ཚོགས་འགན་སྲུང་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་བ་བཅས་དྲིལ་བསྒྲགས་བྱས་ནས་སི་ཁྲོན་གྱི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཀྱི་ཚོར་སྣང་གསོན་ཉམས་དོད་པོས་མཚོན་པར་བྱ་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1