མཚོ་སྔོན་པོའི་ཆུ་བྱའི་གྲངས་འབོར་ན་ནིང་གི་དུས་མཉམ་ལས་ལྡབ4.5འཕར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 04-11



        

        ཟླ་4པའི་ཚེས་1ཉིན། གསར་འགོད་པས་ཤེས་གསལ་ལྟར་ན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་ཟླ་3པའི་ཚེས་21ནས་ཚེས་25ཉིན་བར་2022ལོའི་དཔྱིད་དུས་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་སྤེལ་བ་དང་། ཆུ་བྱ་རིགས་28དང་གྲངས་འབོར་65000ལྷག་ཙམ་ལ་ལྟ་ཞིབ་ཚད་ལེན་བྱས་ལ། ཆུ་བྱའི་གྲངས་འབོར་ནི་ན་ནིང་གི་དུས་མཉམ་ལས་ལྡབ་4.5འཕར་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཁྱད་ཆོས་མངོན་གསལ་ཞིག་ནི་མཚོ་སྔོན་པོའི་རྒྱུད་ཀྱི་རིག་མོ་གྲོང་རྡལ་གྱི་འདམ་ར་ནས་ཆུ་བྱའི་རིགས་གསར་པ་སྟེ་ཆུ་བྱ་ཁྲ་རིས་རྙེད་པ་དེ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1