ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུའི་རྡོ་སོལ་ནང་འདྲེན་གཏན་འགོག་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-11



     ཧྥ་རན་སེ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་7ཉིན། ཡོ་རོབ་མནའ་འབྲེལ་(EU)གྱིས་ཨུ་རུ་སུའི་རྡོ་སོལ་ནང་འདྲེན་གཏན་འགོག་བྱ་རྒྱུར་གྲོས་འཆམ་བྱུང་བ་དང་འབྲེལ་ཨུ་རུ་སུའི་གྲུ་གཟིངས་ལ་ཡོ་རོབ་མནའ་འབྲེལ་གྱི་གྲུ་ཁ་སྒོ་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཧྥ་རན་སེའི་དཔོན་རིགས་ཤིག་གིས་བྱེད་ཐབས་དེ་དག་གིས་ཨུ་རུ་སུར“ཛ་དྲག་ཆེ་བའི་ངོ་བོའི་རང་བཞིན”གྱི་བཀག་སྡོམ་རེས་སྐོར་ལྔ་པ་བྱེད་པའི་འགོ་ཚུགས་ཡོད་ཅེས་བཤད་པ་རེད། 
     དེ་མིན། བཀག་སྡོམ་ཇུས་གཞིའི་ནང་ད་དུང་ཡོ་སྒོར་བསྡོམས་འབོར་དུང་ཕྱུར་100ཟིན་པའི་ཨུ་རུ་སུར་ཕྱིར་གཏོང་བཀག་སྡོམ་བྱ་རྒྱུ་དེ་ཚུད་ཡོད། དེའི་ནང་ཚན་རྩལ་མཐོ་བའི་ཐོན་རྫས་ཚུད་པ་མ་ཟད།  ཨུ་རུ་སུའི་དངུལ་ཁང་ཁ་ཤས་ཀྱི་རྒྱུ་ནོར་བསྡམས་བཅད་བྱ་རྒྱུ་ཡིན་པ་རེད།
     གནས་ཚུལ་སྤེལ་བར་གཞིགས་ན། རྡོ་སོལ་སྐྱེལ་འདྲེན་བཀག་སྡོམ་གྱི་བཀའ་རྒྱ་དེ་ཟླ་8པའི་ཟླ་འགོར་ནུས་པ་ཐོན་རྒྱུ་ཡིན་ཞིང་། གསལ་པོ་བཤད་ན་ཇུས་གཞི་གསར་པ་དེ་ཡོ་རོབ་མནའ་འབྲེལ་གྱི་སྤྱི་བསྒྲགས་ཐོག་སྤེལ་ནས་ཉིན་120ཟིན་རྗེས་ལག་བསྟར་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1