ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-13



    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས་10ཉིན་གྱི་ཕྱི་དྲོ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་སྔ་རྗེས་སུ་ཡ་ཀྲོའུ་དབན་ས་བོན་ཚོད་ལྟ་ཁང་དང་། ཀྲུང་གོའི་རྒྱ་མཚོ་སློབ་ཆེན་སན་ཡ་རྒྱ་མཚོ་ཞིབ་འཇུག་ཁང་དུ་རྟོག་ཞིབ་གནང་ནས། ཧའེ་ནན་གྱིས་འདེབས་འཛུགས་ལས་རིགས་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱ་མཚོའི་ཚན་རྩལ་གོང་འཕེལ་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད།   


    ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ཡ་ཀྲོའུ་དབན་ས་བོན་ཚོད་ལྟ་ཁང་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།   ས་བོན་ནི་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་འགག་རྩ་རེད།     རང་ཉིད་ཀྱི་ལག་གཉིས་ནང་ཀྲུང་གོའི་ས་བོན་དམ་པོར་བཟུང་ཐུབ་ཚེ་ཀྲུང་གོའི་ལྟོ་ཕོར་གཞི་ནས་བརྟན་པོ་ཡོང་ཐུབ་པ་དང་གཞི་ནས་འབྲུ་རིགས་བདེ་འཇགས་ཡོང་ཐུབ།   སོན་ཁུངས་རང་བརྟེན་ཚོད་འཛིན་ཐུབ་པ་བྱེད་དགོས་ན། སྔོན་ལ་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རང་བརྟེན་རང་ཚུགས་ཐུབ་པ་བྱེད་དགོས།  དེ་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་པས། ཡོན་ལུང་ཕིང་སོགས་ཚན་རྩལ་ལས་དོན་པ་རྒན་རབས་ཚོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཀའ་སྤྱད་སྦྱོང་བརྡར་དང་སྙིང་རུས་གཏན་འཁྱོངས་ཀྱིས་དོན་ཆེན་དེ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1