མཚོ་སྔོན་གྱི་རོགས་སྐྱོར་དངོས་ཟོག་ཁག་གསུམ་པ་ཧྲང་ཧའེ་ལ་དབོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-14


      སྤྱི་ཟླ་4པའི་ཚེས་11ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། སྐྱེལ་འདྲེན་རླངས་འཁོར་6ལས་གྲུབ་པའི་མཚོ་སྔོན་གྱིས་ཧྲང་ཧའེ་ལ་རོགས་སྐྱོར་བྱས་པའི་ཁག་གསུམ་པའི་དངོས་ཟོག་སྐྱེལ་འདྲེན་རུ་ཁག་ཅིང་བོད་མྱུར་བགྲོད་གཞུང་ལམ་མཚོ་ཤར་ལམ་རིན་བསྡུ་ས་ནུབ་མ་ནས་རྡོག་ཐོན་བྱས་ཏེ་ཧྲང་ཧའེ་གྲོང་ཁྱེར་དུ་བསྐྱོད་པ་རེད། ཟས་རིགས་སོས་པ་ཡོང་བར་འགན་ལེན་བྱ་ཆེད། རླངས་འཁོར་ཚང་མར་ཁ་ལོ་བ་གཉིས་རེ་བཀོད་སྒྲིག་བྱས་ནས་ཆུ་ཚོད་36ནང་དངོས་ཟོག་ཧྲང་ཧའེ་རུ་སྐྱེལ་རྒྱུ་ཡིན་པ་རེད། 


     ཤེས་རྟོགས་བྱུང་བར་གཞིགས་ན། དངོས་ཟོག་དེ་དག་ནང་ཚགས་ཤ་དང་ཕག་ཤ ཞོག་ཁོག ལ་སེར། སོ་ལོ་སྔོན་པོ། སྐམ་ཐུག  ལི་གྲོ།  བཟའ་སྣུམ་བཅས་སྣ་ཁ་བརྒྱད་ཡོད་པར་ཏུན་150ཙམ་ཡོད་པ་དང་སྒམ་12000ནང་བླུགས་ཡོད།  དེའི་གོང་མཚོ་སྔོན་གྱིས་ཧྲང་ཧའེ་ལ་རོགས་སྐྱོར་བྱས་པའི་དངོས་ཟོག་ཁག་གཉིས་ཧྲང་ཧའེ་རུ་འབྱོར་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཧྲང་ཧའེ་ཡི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱ་ཆེད། མཚོ་སྔོན་ཞིང་ཨུད་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་གནང་བ་ལྟར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་དུས་ཐོག་ཏུ་ཧྲང་ཧའེ་གྲོང་ཁྱེར་དང་འབྲེལ་གཏུག་བྱས་ནས་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན་ཇུས་གཞི་བཟོས་པ་དང་། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཐོན་སྐྱེད་བྲིན་ཚོང་དང་སྐྱེལ་འདྲེན་ཁེ་ལས་དབར་ཉོ་སྒྲུབ་དང་སྐྱེལ་འདྲེན་ལས་དོན་སྤེལ་རྒྱུར་འབྲེལ་མཐུད་ཧུར་ཐག་བྱས་ནས་ཧྲང་ཧའེ་ལ་རོགས་སྐྱོར་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་རྒྱུར་འགན་ལེན་བྱས་ཡོད་པ་རེད། མཚོ་སྔོན་གྱིས་ཧྲང་ཧའེ་ལ་རོགས་སྐྱོར་བྱས་པའི་དངོས་ཟོག་གི་སྤྱིའི་རིན་ཐང་སྒོར་ཁྲི་1923.5ཟིན་ཡོད་པ་དང་། ཁྱོན་ཚགས་ཤ་ཏུན་111.18དང་ཕག་ཤ་ཏུན་75 ཞོག་ཁོག་ཏུན་75 ལ་སེར་ཏུན་45  སོ་ལོ་སྔོན་པོ་ཏུན་30 སྐམ་ཐུག་ཏུན་30 ལི་གྲོ་ཏུན་15 བཟའ་སྣུམ་ཟོམ་ཁྲི་3 དེ་བཞིན་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་བཅས་ཉོ་སྒྲུབ་བྱས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1