《དུས་རབས་གསར་པའི་གནའ་གཞུང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-14


ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《དུས་རབས་གསར་པའི་གནའ་གཞུང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དུས་རབས་གསར་པའི་གནའ་གཞུང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་འབྲེལ། བརྡ་ཐོ་ཡང་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        《བསམ་འཆར》ནང་བསྟན་དོན། གནའ་གཞུང་གི་ལས་དོན་ཡག་པོ་བསྒྲུབས་ནས་མེས་རྒྱལ་གྱི་རྩ་ཆེའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱ་རྒྱུ་དེ་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ། རྒྱལ་ཁབ་རིག་གནས་ཀྱི་འཇམ་ཤུགས་ཆེར་གཏོང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པ་བཅས་ཀྱི་ངོས་ནས་བརྗོད་ན། དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པས། གནའ་གཞུང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་གོ་སྐབས་གསར་པ་ཐོབ་ཡོད། དུས་རབས་གསར་པའི་གནའ་གཞུང་གི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ད་ལྟ་གཤམ་གསལ་བསམ་འཆར་ཁག་འདོན་རྒྱུ་ཡིན།
        《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་ལམ་བུ་མཐའ་འཁྱོངས་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བཅས་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གཞན་སྒྱུར་དང་གསར་གཏོད་རང་བཞིན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གནའ་གཞུང་མྱུར་སྐྱོབ་སྲུང་སྐྱོབ་དང་། ལེགས་སྒྲིག་ཞིབ་འཇུག དཔེ་སྐྲུན་བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་པ། གནའ་གཞུང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་ཆེད་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས།
        《བསམ་འཆར》ནང་བསྟན་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྡེ་ཚན་གྱིས་ལས་བགོས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་འགོ་ཁྲིད་དེ་གནའ་གཞུང་གི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ལག་བསྟར་ཐུབ་པ་བྱེད་དགོས། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་མཚོན་རྟགས་དང་དེང་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་དོན་སྙིང་ལྡན་པའི་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན་དང་འགྲེམས་སྟོན་བྱེད་དགོས། གཅིག་གྱུར་འཆར་འགོད་མཐའ་འཁྱོངས་བྱས་ཏེ་རྩེ་རིམ་ཇུས་འགོད་དང་འཆར་འགོད་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་གནའ་གཞུང་གི་ལས་དོན་མཐུན་སྦྱོར་སྦྲེལ་མཐུད་དང་གཅིག་གྱུར་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་གནའ་གཞུང་གི་ལས་དོན་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་ཕན་འབྲས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་འདོན། དེང་རབས་ལ་ཞབས་འདེགས་ཞུ་བ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་བྱས་ནས་གནའ་གཞུང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་སྔར་བས་གསོན་ཤུགས་འཕེལ་བར་བྱེད་དགོས།
        《བསམ་འཆར》ནང་བསྟན་དོན། གནའ་གཞུང་གི་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚད་ལྡན་མ་ལག་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ། གནའ་གཞུང་སྲུང་སྐྱོབ་རྒྱུན་འཛིན་དང་གསར་སྤེལ་བེད་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་དུ་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་ཀྱི་གནའ་གཞུང་གི་ལས་དོན་གྱི་གནས་བབ་དང་ནུས་པ་དེ་བས་མངོན་གསལ་དོད་དུ་གཏོང་བ། གནའ་གཞུང་གི་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱེད་དགོས།
        《བསམ་འཆར》ནང་ད་དུང་གནའ་གཞུང་གི་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་སྐོར་ལ་བླང་བྱ་བཏོན་ཡོད།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1