བོད་ལྗོངས་ནས་གནའ་བོའི་རྗེས་ཤུལ་ཞིག་རྙེད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-15



        ཟླ་4ཚེས་13ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར། 2021ལོར་བོད་ལྗོངས་ནས་བྲག་ཕུག་གི་གནའ་ཤུལ་ཞིག་སྔོག་འདོན་བྱས་པ་དེ་ནི་མིག་སྔར་ཀྲུང་གོས་ཤེས་ཟིན་པའི་ས་བབ་མཐོ་ཤོས་ཀྱི་གནའ་རྫས་རྟོག་ཞིབ་ཐད་ཀྱི་རྗེས་ཤུལ་ཞིག་ཡིན་པ་མ་ཟད། བོད་ལྗོངས་ཀྱི་གནའ་ཤུལ་ཁེར་རྐྱང་དུ་མིའི་རུས་པ་དང་སྲོག་ཆགས་ཀྱི་རུས་པ་གྲངས་འབོར་མང་ཤོས་ཪྙེད་པའི་རྗེས་ཤུལ་ཞིག་ཀྱང་ཡིན་པ་རེད། བྲག་ཕུག་གི་གནའ་ཤུལ་དེ་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཆོས་འཁོར་ཤང་དུ་ཡོད། འབྲེལ་ཡོད་ཀྱི་ལོ་ཞིབ་རྩིས་གཞི་གྲངས་གཞིར་བཟུང་། བྲག་ཕུག་དེ་ནི་ཆིན་དང་ཧན་རྒྱལ་རབས་ཀྱི་དུས་སུ་མུ་མཐུད་དུ་བེད་སྤྱོད་པའི་མིའི་རིགས་ཀྱི་འགུལ་སྐྱོད་ཤུལ་བཞག་ཅིག་ཡིན་པ་གཞི་རྩའི་ཆ་ནས་གཏན་འཁེལ་ཐུབ་པ་དང་། དེའི་ངོ་བོ་ནི་དུས་སྔ་མའི་བྲག་ཕུག་གི་དུར་རྫས་རྗེས་ཤུལ་ཞིག་ཡིན་པ་ཐོག་མའི་བརྡར་ཤ་བཅད་ཡོད། བང་སོའི་རྗེས་ཤུལ་དེ་རིགས་ནི་བོད་ལྗོངས་སུ་མཐོང་དཀོན་པ་ཞིག་ཡིན་པ་དེས་བོད་ཀྱི་སྔ་དུས་ཀྱི་འདས་མཆོད་གོམས་སྲོལ་ཞིབ་འཇུག་ཐད་ལ་དཔྱད་གཞི་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། 
        དཔྱད་ཡིག་པར་རིས་འདི་ནི་2021ལོའི་ཟླ་7པར་གནའ་རྫས་རྟོག་ཞིབ་མི་སྣས་པར་བླངས་པའི་བྲག་ཕུག་གནའ་ཤུལ་ནང་གི་གནས་ཚུལ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1