ཕ་ཡུལ་དུ་ཕྱིར་ལོག་ནས་ལས་སྐྲུན་བྱེད་པའི་སློབ་ཆེན་སློབ་མ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 04-18


        མེ་ཏོག་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་མཚམས་སུ་གནས་པ་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཡོད། “ལོ་རབས90པའི་ནང་སྐྱེས་པའི”མོན་པ་རིགས་ཀྱི་བུ་མོ་ཚེ་རིང་ལྷག་སྒྲོན་དང་སྨིན་དྲུག་མཚོ་མོ་གཅེན་གཅུང་གཉིས་སློབ་ཆེན་མཐར་ཕྱིན་རྗེས་ཕ་ཡུལ་མེ་ཏོག་རྫོང་འབྲས་སྤུངས་ཤང་ཅང་ཤིན་གྲོང་ཚོ་རུ་ཕྱིར་ལོག་ནས་ཤ་མོ་འདེབས་འཛུགས་ཀྱི་ལས་སྐྲུན་ཁྲོད་ཞུགས་པ་རེད།

        2020ལོར་མེ་ཏོག་རྫོང་སྲིད་གཞུང་གིས་ཤ་མོ་འདེབས་འཛུགས་ཆེད་མཁས་མི་སྣ་གདན་དྲངས་ཏེ་ཅང་ཤིན་གྲོང་ཚོའི་གྲོང་མི23ལ་གསོ་སྦྱོང་བྱས་པ་དང་། དེ་ནས་ཚེ་རིང་ལྷག་སྒྲོན་དང་སྨིན་དྲུག་མཚོ་མོ་གཉིས་ཀྱིས་ཤ་མོ་འདེབས་འཛུགས་བྱེད་མགོ་ཚུགས་པ་རེད། 2021ལོར་སྲིད་གཞུང་གིས་སྤྲད་པའི་ལས་གཏོད་རོགས་སྐྱོར་ཐེབས་རྩའི་མ་དངུལ་བེད་སྤྱད་དེ་གཅེན་གཅུང་གཉིས་ཀྱིས་གྲོང་ཚོའི་མཉམ་སྡེབ་ཀྱི་དྲོད་ཁང་ཆེན་མོ་གཉིས་གླས་ནས་ཤ་མོ་འདེབས་འཛུགས་ཐད་བཀོལ་སྤྱོད་བྱས། ལོ་གཅིག་ལྷག་ལ་འཚོལ་ཞིབ་བྱས་པ་བརྒྱུད་མིག་སྔར་ཡོང་འབབ་སྒོར་ཁྲི5ལྷག་ཡོད། ཕྱོགས་སོ་སོའི་རྒྱབ་སྐྱོར་འོག་གཅེན་གཅུང་གཉིས་ཀྱི་ལས་ཀའི་སེམས་ཤུགས་སྔར་ལས་ཆེ་རུ་ཕྱིན་ནས་མ་འོངས་བའི་འཚོ་བ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1