ས་མཐོའི་ལུང་ཤུར་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམས་ཉིན་རེའི་ཚགས་པར། སྤེལ་དུས། 04-19



        ཉེ་ཆར་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ལྕང་ལུང་ཤང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པས། ཡུལ་སྐོར་བའི་ཡིད་དབང་འཕྲོགས་ཡོད།
        ལྕང་ལུང་གི་ཁམ་བུའི་མེ་ཏོག་ནི་ཡུན་བོད་ལམ་ཐིག་བརྒྱུད་བོད་དུ་སྐྱོད་སྐབས་མེ་ཏོག་ལ་ལྟ་བའི་ས་ཚིགས་དང་པོ་དེ་ཡིན་ཞིང་། ས་བབ་མཐོ་ཚད་དང་བསྟུན་ནས་མཛེས་ལྗོངས་ཁུལ་སྐས་དབྱིབས་ལྟར་ཆགས་པ་དང་། ཁམ་བུའི་མེ་ཏོག་ཀྱང་སྨི་2600ཡི་རོང་མཐིལ་ནས་སྨི་3100ཡི་བར་རབ་ཏུ་བཞད་ཡོད་ལ་གཟར་ཚད་སྨི་500ཟིན་གྱི་ཡོད། ཁམ་བུའི་མེ་ཏོག་དག་དམའ་ས་ནས་མཐོ་ས་བར་རིམ་བཞིན་བཞད་པ་དང་། མེ་ཏོག་བཞད་ཡུན་མི་འདྲ་ལ་དུས་འཁོར་རིང་བས་ཉེ་འཁོར་གྱི་བོད་ཁང་དང་གཅིག་ལ་གཅིག་རྒྱན་ལྟར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1