ས་མཐོའི་འབྲོག་ཁུལ་དུ་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུས“ཁུར་པོ་ཡང་གཏོང་གཉིས” ལ་རམ་ འདེགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-22




        འདི་ནི་ཁྲི་འདུ་རྫོང་ཀུན་དགའ་བློ་གསལ་ལྟེ་གནས་ཞག་སྡོད་སློབ་གྲྭའི་ལན་ཆིའུ་སྤོ་ལོ་ཚོགས་པའི་སློབ་མས་སྤོ་ལོ་རྒྱག་བཞིན་པ།

    ཁྲི་འདུ་རྫོང་ཀུན་དགའ་བློ་གསལ་ལྟེ་གནས་ཞག་སྡོད་སློབ་གྲྭ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་དུ་གནས་ཡོད། “ཁུར་པོ་ཡང་གཏོང་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱས་ཚུན་སློབ་གྲྭས་སློབ་ཚན་གྲོལ་རྗེས་ཀྱི་ཞབས་འདེགས་ཞུས་ཏེ་ལུས་རྩལ་དང་། རོལ་དབྱངས། མཛེས་རྩལ། ཞབས་བྲོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ས་མཐོའི་འབྲོག་ཁུལ་གྱི་ཕྲུ་གུ་ཚོའི་སློབ་ཚན་གྲོལ་རྗེས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ་ཕྲུ་གུ་ཚོ་སྤྲོ་སྣང་ལྡན་པའི་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱས་ཡོད།



    འདི་ནི་ཟླ་4ཚེས་18ཉིན་ཁྲི་འདུ་རྫོང་ཀུན་དགའ་བློ་གསལ་ལྟེ་གནས་ཞག་སྡོད་སློབ་གྲྭའི་སློབ་མས་ཐང་ཆེན་དུ་ལུས་རྩལ་རྩེ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1