རླངས་འཁོར་ཤར་གཏོང་ཐུབ་པའི་དུས་ཚོད་གཏན་འཁེལ་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-24



གཏམ་བཟང་ཞིག་འདུག་སྟེ།
ལྷ་ས་སྣེའུ་ཁུལ་གསར་གྱི་ཀྲོང་ཚའེ་རི་བོའི་ཕུག་ལམ་དུ།
ཕྱོགས་རྐྱང་པའི་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་རེད།
མིག་སྔར་ཕུག་ལམ་ཧྲིལ་པོ་འཛུགས་སྐྲུན་བྱས་ཟིན་ལ།
ཕུག་ལམ་ཆ་འདི་ཡོངས་སུ་ཤར་གཏོང་ཐུབ་པས།
ཕྱོགས་རྐྱང་པའི་ཕུག་ལམ་ནས་སྤྱི་ཚོགས་ཀྱི་རླངས་འཁོར་ཤར་གཏོང་བྱེད་འགོ་ཚུགས་ཡོད།

ཀྲོང་ཚའེ་རི་བོའི་ཕུག་ལམ་གྱི་རྣམ་གྲངས།
           ཀྲོང་ཚའེ་རི་བོའི་ཕུག་ལམ་དེ་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་གནས་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར3.55བཏང་བ་རེད། དེའི་ཁྲོད་དུ་རྣམ་གྲངས་ཀྱི་ཨར་ལས་བྱེད་ཚད་སྒོར་དུང་ཕྱུར2.9ཙམ་ཟིན་ཞིང་། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་གཞུང་ལམ་དང་། ཕུག་ལམ། ཟམ་པ་སོགས་ཀྱི་ལས་གྲྭ་དང་དེ་བཞིན་སྔོ་བསྒྱུར་དང་། ལམ་སྒྲོན། ཆུ་འབུད། གློག་ཤུགས་དྲག་ཞན། བཙོག་ཆུ་སོགས་ཞོར་གཏོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་ཡིན། རྣམ་གྲངས་ཀྱི་སྤྱིའི་རིང་ཚད་ལ་སྨི1910ཙམ་ཡོད་པ་དེའི་ནང་ཕུག་ལམ་གྱི་རིང་ཚད་ལ་སྨི830ཙམ(གཡོན་གྱི་ཕུག་ལམ་གྱི་རིང་ཚད་ལ་སྨི826དང་གཡས་ཀྱི་ཕུག་ལམ་གྱི་རིང་ཚད་ལ་སྨི830.6ཡོད)ཡོད་ལ། རྣམ་གྲངས་ཇུས་འགོད་ཀྱི་རིམ་པ་ནི་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་ཡིན་པ་དང་ཇུས་འགོད་མྱུར་ཚད60km/hདང་མཐོ་ཚད་སྨི5ཡོད། ཕུག་ལམ་དང་དེ་བཞིན་ལམ་དེར་མཐུད་སའི་ལམ་དུམ་ནི་ཕྱོགས་གཉིས་ཀྱི་འཁོར་ལམ4ཡོད་པ་དང་། འཆར་འགོད་འཕྲེད་ཐིག་དེ་གཡང་མདའ་བར་གྱི་ལམ་དུམ་ནི་ཕྱོགས་གཉིས་ཀྱི་འཁོར་ལམ6གི་སར་འཆར་འགོད་བྱས་ཡོད།

འདྲ་བཟོ་རི་མོ།

ཀྲོང་ཚའེ་རི་བོའི་ཕུག་ལམ།
           “མིག་སྔར་ཕུག་ལམ་འཛུགས་སྐྲུན་ཚང་མ་ལེགས་པར་གྲུབ་པ་དང་། ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་དང་ཕུག་ལམ་རླུང་འབུད་འཕྲུལ་འཁོར་སོགས་སྒྲིག་ཆས་སྒྲིག་སྦྱོར་དང་དེ་བཞིན་གློག་སྐུད་མཐུད་རྒྱུ་ཙམ་ལས་ལྷག་མེད་པས། སྔོན་དཔག་བྱས་ན། ད་ལོའི་ཟླ6པར་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད། ཡུལ་དེའི་རྣམ་གྲངས་ཀྱི་འགན་འཁུར་བ་ལུའོ་ཀྲུང་ཝུན་གྱིས། མིག་སྔར་ཕུག་ལམ་གཉིས་ཀྱི་ཨར་ལས་གནས་ཚུལ་ལ་གཞིགས་ན། གཡོན་དང་གཡས་ཀྱི་ཕུག་ལམ་གཉིས་རེས་མོས་ངང་ཤར་གཏོང་ཐུབ་ནས་སྤྱི་ཚོགས་ཀྱི་རླངས་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད། གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཕུག་ལམ་དེ་གཉིས་སུ་གློག་སྒྲོན་སུམ་བརྒྱ་ལྷག་ཡོད་པ་དང་། སྐབས་འདིར་གློག་སྐུད་སྦྲེལ་མཐུད་བྱས་མེད་ཀྱང་ཕུག་ལམ་ནང་གནས་སྐབས་ཀྱི་འགྲིམ་འགྲུལ་གློག་སྒྲོན་ཡོད་པས་འགྲོ་འོང་བྱེད་མཁན་རླངས་འཁོར་ཚང་མ་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུ་འགན་ལེན་བྱས་ཡོད་པ་རེད།

ཀྲོང་ཚའེ་རི་བོའི་ཕུག་ལམ།
          རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་ཀྲོང་ཚའེ་རི་བོའི་ཕུག་ལམ་ནི་ལྷ་སའི་མཐོ་གསར་ཁུལ་གྱི་ལྷོ་རྒྱུད་ཚོགས་པ་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་ལས་གྲྭ་ཞིག་ཡིན་ཞིང་། རྣམ་གྲངས་འདི་ལེགས་འགྲུབ་བྱུང་རྗེས་ལྷ་སའི་མཐོ་གསར་ཁུལ་གྱི་དབུས་རྒྱུད་ཚོགས་པ་དང་ལྷོ་རྒྱུད་ཚོགས་པའི་བར་བར་སྟོང་གི་བར་ཐག་ཇེ་ཐུང་དུ་འགྲོ་ཐུབ་པ་དང་། ཚོགས་པའི་དབར་གྱི་འགྲིམ་འགྲུལ་ཇེ་ལེགས་སུ་སོང་ནས་ཚོགས་པའི་དབར་ཕན་ཚུན་སྐུལ་ཁྲིད་དང་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད། གཞན་ཡང་རྣམ་གྲངས་དེ་གནས་སའི་གཞུང་ལམ་གྱི་སྣེའུ་ལྷོ་ལམ་དེ་ལྷོ་ཕྱོགས་སུ་རྒྱལ་ལམG318དང་སྦྲེལ་མཐུད་བྱ་རྒྱུ་དང་། བྱང་སྣེ་ནས་ལྷོ་སྐོར་མྱུར་བགྲོད་གཞུང་ལམ་ལ་སྦྲེལ་མཐུད་བྱེད་རྒྱུ་ཡིན་པས། འཛུགས་སྐྲུན་འདི་དག་ཡོང་སུ་འགྲུབ་རྗེས་ས་ཁོངས་འདི་དག་ནས་ཕྱི་ཕྱོགས་སུ་བསྐྱོད་པར་གཞུང་ལམ་གྱི་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1