ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་ཚོགས་ཆེན་20པའི་འཐུས་མིར་བདམས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-24


        སྤྱི་ཟླ་4པའི་ཚེས་21ནས་ཚེས་22བར། ཀྲུང་གོ་གུང་ཁྲན་ཏང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་གྲོས་ཚོགས་ནན་ཉིང་དུ་སྐོང་འཚོགས་བྱས་པ་དང་། གྲོས་ཚོགས་ཐོག་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་བདམས་ཡོད། ཀོང་ཞི་རུ་འདེམས་བསྐོའི་ནང་ཞུགས་པའི་ཏང་ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་འོས་མི་བློ་མཐུན་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་ཡོད།
        སྤྱི་ཚེས་22ཉིན་གྱི་སྔ་དྲོ་ཚོགས་ཆེན་ཐོག་འདེམས་བསྐོ་དངོས་སུ་བྱས་ཡོད། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་འདེམས་བསྐོའི་ཁྲོད་འདེམས་ཤོག་ཆ་ཚང་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱེད་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད།
        འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ནི་ཀོང་ཞི་ཡི་ཏང་ཡོན་ས་ཡ་གཉིས་དང་ལྔ་འབུམ་ལྷག་དང་གཞི་རིམ་ཏང་རྩ་འཛུགས་ཆིག་འབུམ་ལྔ་ཁྲི་ལྷག་གི་ཐུན་མོང་གི་བསམ་འདུན་ཡིན་ཞིང་། དེའི་ཐོག་ནས་ཀོང་ཞི་ཡི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བྱེ་བ་ལྔ་དང་ས་ཡ་བདུན་ཙམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་ལུགས་གང་ལེགས་མཚོན་པ་དང་། མི་དམངས་དུང་ཕྱུར་མང་པོས་རླབས་ཆེན་བསྐྱར་དར་གྱི་སྣེ་ཁྲིད་མཁན་གྱི་རྗེས་སུ་དམ་པོར་བསྙེགས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་ཐུན་མོང་གི་བསམ་འདུན་དང་རེ་འདུན་དྲག་པོ་མཚོན་པའི་ངོས་འཛིན་གནང་ཡོད་པ་རེད།
        འཐུས་མི་ཚོས་གཅིག་མཇུག་གཉིས་མཐུད་ངང་གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱས་ནས། སྲོག་ཤིང་ལ་བློ་དཀར་སེམས་དཀར་དང་། སྲོག་ཤིང་གོང་དུ་བཀུར་བ། སྲོག་ཤིང་ལ་སྲུང་སྐྱོང་། སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་ལྕག་གནང་བ་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་སྒྱུར་བ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པའི་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1