ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་དང་པོ་འཚོགས་པར་རྟེན་འབྲེལ་ཞུ་སྐབས་ནན་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-26



                                                                                    རྟེན་འབྲེལ་འཕྲིན་ཡིག
     དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་དང་པོ་འཚོགས་པའི་མཚམས་འདིར། ངས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། 
     དཔེ་དེབ་ཀློག་པ་ནི་མིའི་རིགས་ལ་ཤེས་བྱ་ཐོབ་པ་དང་། བློ་གྲོས་དང་ཤེས་རབ་འཕེལ་བ། ཀུན་སྤྱོད་སྐྱོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རྣམས་ལ་བསམ་བློའི་བློ་སྒོ་འབྱེད་ཐུབ་པ་དང་བླ་ན་མེད་པའི་ཕུགས་བསམ་གཏོད་ཐུབ་པ་མ་ཟད། ཚུལ་ལྡན་གཞུང་དྲང་གི་སྤྱོད་བཟང་ཡང་སྐྱོང་ཐུབ། གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱིས་དཔེ་ཀློག་དར་སྤེལ་དང་། ཞིབ་འཇུག་མཐའ་དཔྱོད། དྲང་སེམས་དྲང་བདེན། ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་འཚོ་གནས་ཐུབ་པའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ནས་ཀྲུང་གོ་མི་དམངས་ཀྱི་གདེང་ཚོད་དང་རང་འབད་ཀྱི་ཀུན་སྤྱོད་བཟང་པོ་བཏོད་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་དེབ་བཀླགས་ནས་སློབ་སྦྱོང་དང་བློ་སྦྱོང་ནན་པོ་བྱས་ཏེ་འཇོན་ཐང་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཕྲུ་གུ་ཚོས་དཔེ་ཀློག་གི་གོམས་གཤིས་འཇགས་པ་བྱས་ནས་སྤྲོ་སྣང་ལྡན་པའི་ངང་དཔེ་དེབ་ཀློག་པ་དང་། བདེ་ཐང་ངང་འཚར་ལོངས་ཡོང་བའི་རེ་བ་ཡོད། སྤྱི་ཚོགས་ཡོངས་དཔེ་ཀློག་བྱེད་སྒོར་ཞུགས་ཏེ་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་བལྟ་བ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུའི་རེ་བ་ཡོད།
                                                                                                                                                                   ཞི་ཅིན་ཕིང་གིས།
                                                                                                                                                          2022ལོའི་ཟླ་4ཚེས་23ཉིན།
                                                                                       (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་འབྱོར་བའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་དང་པོ་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
     རྟེན་འབྲེལ་འཕྲིན་ཡིག་ནང་ཞི་ཅིན་ཕིང་གིས། དཔེ་དེབ་ཀློག་པ་ནི་མིའི་རིགས་ལ་ཤེས་བྱ་ཐོབ་པ་དང་། བློ་གྲོས་དང་ཤེས་རབ་འཕེལ་བ། ཀུན་སྤྱོད་སྐྱོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རྣམས་ལ་བསམ་བློའི་བློ་སྒོ་འབྱེད་ཐུབ་པ་དང་བླ་ན་མེད་པའི་ཕུགས་བསམ་གཏོད་ཐུབ་པ་མ་ཟད། ཚུལ་ལྡན་གཞུང་དྲང་གི་སྤྱོད་བཟང་ཡང་སྐྱོང་ཐུབ། གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱིས་དཔེ་ཀློག་དར་སྤེལ་དང་། ཞིབ་འཇུག་མཐའ་དཔྱོད། དྲང་སེམས་དྲང་བདེན། ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་འཚོ་གནས་ཐུབ་པའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ནས་ཀྲུང་གོ་མི་དམངས་ཀྱི་གདེང་ཚོད་དང་རང་འབད་ཀྱི་ཀུན་སྤྱོད་བཟང་པོ་བཏོད་ཡོད།
     ཞི་ཅིན་ཕིང་གིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་དེབ་བཀླགས་ནས་སློབ་སྦྱོང་དང་བློ་སྦྱོང་ནན་པོ་བྱས་ཏེ་འཇོན་ཐང་ཆེ་རུ་གཏོང་རྒྱུའི་ཐུགས་རེ་གནང་བ་དང་། ཕྲུ་གུ་ཚོས་དཔེ་ཀློག་གི་གོམས་གཤིས་འཇགས་པ་བྱས་ནས་སྤྲོ་སྣང་ལྡན་པའི་ངང་དཔེ་དེབ་ཀློག་པ་དང་། བདེ་ཐང་ངང་འཚར་ལོངས་ཡོང་བའི་ཐུགས་རེ་གནང་བ། སྤྱི་ཚོགས་ཡོངས་དཔེ་ཀློག་བྱེད་སྒོར་ཞུགས་ཏེ་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་བལྟ་བ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པའི་ཐུགས་རེ་གནང་ཡོད།
     འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཏང་ཀྲུང་དབྱང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བ་དང་རིག་དཔལ་དར་བའི་ཀྲུང་གོ་གཏོད་པར་མཐོང་ཧ་ཅང་ཆེན་པོ་གནང་ལུགས་གང་ལེགས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། དཔེ་ཀློག་གི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་ཀློག་གི་གོམས་སྲོལ་འཇགས་པ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་དཔེ་ཀློག་ཁྱབ་གདལ་ཞབས་ཞུའི་མ་ལག་བསྐྲུན་པ། དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་རྒྱ་ཆེ་རུ་འགྲོ་བ་དང་། སྤུས་ཚད་གོང་མཐོར་གཏོང་བ། ཕན་འབྲས་ཆེ་རུ་འགྲོ་བ་བཅས་ལ་སྐུལ་འདེད་བཏང་ནས་རིག་དཔལ་དར་བའི་ཀྲུང་གོ་གཏོད་པར་བརྟེན་ནས་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་ཞུམ་པ་མེད་པར་རྒྱང་སྐྱོད་ལམ་བུ་གསར་པར་མདུན་སྐྱོད་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས་ཞེས་གསུངས་པ་རེད།
     དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་དང་པོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ)དང་། པེ་ཅིང་གྲོང་ཨུད། པེ་ཅིང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་དཔེ་སྐྲུན་ཅུས་དང་པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་ཤིང་། བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པར་དཔེ་དེབ་ཡག་པོ་ཀློག རྒྱང་སྐྱོད་ལམ་བུ་གསར་པར་ཞུམ་མེད་མདུན་སྐྱོད་བྱེད”ཅེས་པ་དེ་རེད། དེའི་ནང་རིམ་སྤེལ་གླེང་སྟེགས་དང་། འགྲེམས་སྟོན། ཡོངས་བསྒྲགས། བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་ཀྱི་ལྷུ་ཚིགས་ཚུད་ཡོད་པ་རེད། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། དཔེ་སྐྲུན་འགྲེམས་སྤེལ་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་། རྩོམ་པ་པོ་དང་ཀློག་པ་པོའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
2022ལོའི་དེབ་དང་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1