ཝང་ཞའོ་ཧུའེ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་ལ་རྟོག་ཞིབ་གནང་བར་མ་ཟད་ཆེད་དོན་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-26



        ཟླ་4པའི་ཚེས་24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་ཆེད་དོན་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་རེད། 


        ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཀར་གནང་བའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལྟར། “ཕྱི་ཡོང་ནད་ཡམས་དང་ནང་ཁུལ་གྱི་སླར་འཕར་ལ་སྔོན་འགོག་”བྱེད་པའི་སྤྱིའི་ཇུས་ཐབས་དང“བབ་བསྟུན་གཙང་སེལ་”གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བརྟན་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་བག་གཡེང་གི་བསམ་བློ་དང་རིམས་འགོག་ལ་སུན་པའི་སེམས་ཚོར། སྟེས་དབང་གི་བསམ་ཚུལ་སོགས་ཁྱད་དུ་བསད་ནས་ནན་ཏན་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ལག་བསྟར་བྱས་ཏེ། རྒྱུན་མཐུད་ངང་རང་ཞིང་གི་ཐོབ་པར་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། 


        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་མཉམ་དུ་རྟོག་ཞིབ་ལ་ཕེབས་པ་མ་ཟད་གྲོས་ཚོགས་ནང་ཞུགས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1