ལི་ཁེ་ཆང་གིས་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་སྐོར་གླེང་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-09


         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་གནང་སྐབས་ད་ལོའི་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་གནང་།

         ཁོང་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་ཡོང་བར་བྱ་རྒྱུ་དང་། འཕེལ་རྒྱས་འགྲོ་ཚད་འཕྱི་བའི་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་བ། མི་འབོར་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ། རྒྱལ་ཁབ་དར་ཞིང་མི་དམངས་ཕྱུག་པའི་བྱ་སྤྱོད་ལ་སྐུལ་མ་ཧུར་ཐག་གཏང་བ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་གཏང་བ། མི་རིགས་ཁག་བར་སྤེལ་རེས་དང་འབྲེལ་འདྲིས་ཡོང་བ་བཅས་བྱ་དགོས་པར་མ་ཟད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱ་དགོས།

         ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་སྐུལ་མ་བཏང་ནས་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱ་དགོས།

         ང་ཚོས་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་སྤུན་ཟླ། དེ་བཞིན་ཁོང་ཚོའི་ནང་མི་རྣམས་མེས་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པ་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བར་སྐུལ་མ་གཏང་བ། རྒྱལ་ཁབ་ཕྱི་ནང་གི་སྤེལ་རེས་མཉམ་ལས་ལ་སྐུལ་མ་གཏང་བ་བཅས་ཀྱི་དམིགས་བསལ་ནུས་པ་བཏོན་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་གོའི་བུ་ཕྲུག་དག་གི་སེམས་པ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1